ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཀྲུང་གོ་དང་ཡོ་རོབ་གླིང་གི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ས་དེའི་དུས་ཚོད་ཟླ་དྲུག་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པུ་རུ་སེར་གྱི་ཨེ་ཀི་མིན་ཕོ་བྲང་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། 

2.jpg

ས་དེའི་དུས་ཚོད་ཟླ་དྲུག་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པུ་རུ་སེར་གྱི་ཨེ་ཀི་མིན་ཕོ་བྲང་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ་དྲུག་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པུ་རུ་སེར་གྱི་ཨེ་ཀི་མིན་ཕོ་བྲང་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཀྲུང་གོ་དང་ཡོ་རོབ་གླིང་གི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་བཞི་བརྒྱ་ལྷག་བྱ་འགུལ་ཁྲོད་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་ནི་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་ཆེན་པོ་གཉིས་ཡིན། ང་རང་ཐེངས་འདིར་འཚམས་འདྲིར་ཡོང་བའི་དམིགས་ཡུལ་གཙོ་བོ་ནི་ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱི་འབྲེལ་བའི་བརྟན་འཇགས་རང་བཞིན་དང་། སྣེ་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པའི་དུས་གཏན་རང་བཞིན་གྱིས་རྒྱལ་སྤྱིའི་གནས་བབ་ཀྱི་བརྟན་འཇགས་མིན་པའི་རང་བཞིན་ལ་ཁ་གཏད་མཇལ་དགོས། ཀྲུང་གོས་དུས་དང་རྣམ་པ་ཀུན་དུ་འཐབ་ཇུས་ཀྱི་མཐོ་ཚད་ནས་ཡོ་རོབ་གླིང་མནའ་འབྲེལ་ལ་ལྟ་སྟངས་འཛིན་པ་དང་མཐོང་ཆེན་བྱས་ནས། ཡོ་རོབ་གླིང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཕྱི་འབྲེལ་གྱི་ཐོག་མའི་ཁ་ཕྱོགས་སུ་བརྩིས་ཡོད། ད་ལོའི་ལོ་འགོར་ཀྲུང་ཞི་ཞི་ཅིན་ཕིང་གིས་ཏ་ཝོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྟེང་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོས་རང་དབང་ཉོ་ཚོང་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱས་ནས། མཉམ་དུ་སྒོ་འབྱེད་དང་བཟོད་སྒོམ། ཀུན་ཕན། འདྲ་མཉམ། མཉམ་རྒྱལ་བཅས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་སྒྱུར་བར་བྱེད་པའི་འདོད་བློ་རྒྱས་བཤད་མཛད་དེ། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱིས་དཔལ་འབྱོར་འཛམ་གླིང་ཅན་དུ་སྒྱུར་བའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། བྱེད་ཐབས་སྤྱད་དེ་དཔལ་འབྱོར་འཛམ་གླིང་ཅན་དུ་སྒྱུར་བའི་གནད་དོན་ཐག་གཅོད་བྱས་ནས། དེ་རྒྱལ་ཁབ་སྔར་ལས་མང་པོ་དང་མི་ཚོགས་སྔར་ལས་མང་པོར་ཕན་པར་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱིས་སྒྲིག་སྲོལ་རྨང་གཞི་ཡིན་པའི་སྣེ་མང་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོ་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་པའི་གྲོས་ཆོད་ཡི་གེའི་དོན་ཚན་བཅོ་ལྔ་བའི་འོས་འགན་ལག་བསྟར་བྱེད་པའི་གནད་དོན་ཐད་ནས་འཛམ་གླིང་སྟེང་སྣེ་མང་སྒྲིག་གཞི་དང་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་པའི་བརྡ་འཕྲིན་བཟང་བོ་གཏོང་དགོས་ལ། དེ་ཡང་ཡོ་རོབ་གླིང་མནའ་འབྲེལ་རང་སྟེང་གི་ཁེ་ཕན་དང་མཐུན་པ་ཡིན་ཟེར།

རོང་ཁི་གིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཡོ་རོབ་གླིང་ཕྱོགས་ཀྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་རྨང་གཞིའི་སྟེང་། ཡོ་རོབ་གླིང་དང་ཀྲུང་གོ་བར་གྱི་དངུལ་གཏོང་གྲོས་ཆོད་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་སྒོ་འབྱེད་དང་རྒྱལ་སྤྱིའི་སྒྲིག་སྲོལ་དང་མཐུན་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་འདོད་ཡོད་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།