ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཆུ་འབྲས་ཀྱི་དྲི་ཞིམ་ཨ་ཧྥེ་རི་ཁ་ནུབ་མར་ཁྱབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མིག་སྔར། ཨ་ཧྥེ་རི་ཁ་ནུབ་མར་ཆར་དུས་སུ་སླེབས་ནས་ས་གཞི་དམར་པོའི་ཐོག་སྐྱོད་སྐབས། དང་ཐོག་མིག་ལམ་དུ་འཆར་བ་ནི་སེར་མདོག་གི་འབྲས་ཞིང་དག་ཡིན་པ་ལས་མཁའ་རླུང་ཁྲོད་མངར་སིལ་སིལ་གྱི་དྲི་ཞིམ་ཞིག་ལྷང་ལྷང་དུ་འཐུལ།

ཀྲའོ་ཏུའུ་ལེས་འདི་ནི་ཀུང་སིས་འདེབས་གསོ་བྱས་པའི་རྒྱུད་འདྲེས་ཆུ་འབྲས་ཀྱི་སྣ་ཁ་ཞིག་ཡིན། ལོ་གསུམ་བསྟུད་མར་ནི་ཀྲེ་རི་ཡའི་འབྲེལ་ཡོད་ཚོད་ལྟ་ཚད་ལོན་བྱུང་ནས་ནི་ཀྲེ་རི་ཡའི་ཞིང་ལས་པུས་ལག་རྩལ་ཞིབ་བཤེར་གཏན་འབེབས་བྱས་རྗེས་ནི་ཀྲེ་རི་ཡའི་ཁྱིམ་ཚང་དཀྱུས་མའི་ཟས་རིགས་སུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་བཤད་བྱུང་།རྒྱུད་འདྲེས་ཆུ་འབྲས་ལ་ལུད་དང་ཆུ་མང་པོ་དགོས། ལྗང་མདོག་ཞིང་ལས་ཨ་ཧྥེ་རི་ཁ་ནུབ་མ་ཚད་ཡོད་ཀུང་སིའི་ཚོད་འདེབས་ཞིང་ཁ་དེ་ནི་ཀྲེ་རི་ཡའི་རྒྱལ་ས་ཨ་པུ་ཅའི་གྲོང་འདབས་ཀྱི་རི་མ་ཐང་དང་གྲོག་རོང་ས་ཁུལ་དུ་ཡོད། ནི་ཀྲེ་རི་ཡའི་དབུལ་རྒྱུད་དུ་གནས་སྟབས་དྲོད་ཚད་མཐོ་བ་དང་ཆར་ཆུ་ཉུང་ཙམ་རེད། ཆུ་འབྲས་ལ་ཆུ་གཏོང་ཆེད་ཆུ་འཐེན་འཕྲུལ་འཁོར་གྱིས་ཆུ་ལམ་ནས་ཆུ་འཐེན་ཏེ་འབྲས་ཞིང་ལ་ཆུ་གཏོང་དགོས་ཀྱི་ཡོད།ཀྲའོ་ཏུའུ་ལེས་ཐག་རིང་གཙང་པོའི་དཀྱིལ་གྱི་ལྕགས་རྩིབས་ཤིག་ལ་མཛུབ་མོ་བཙུགས་ཏེ་ཀུང་སིས་གཙང་པོ་དེའི་ཐོག་ཆུ་རགས་སྐྲུན་རྩིས་ཡོད། ཆུ་རགས་བསྐྲུན་རྗེས་འབྲས་ཞིང་ལ་ཞིང་ཆུ་རང་འབབ་བྱེད་ཐུབ་ཅེས་བཤད་བྱུང་།ཀྲའོ་ཏུའུ་ལེས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཆིང་གཉིས་ཀྱང་མ་ཟིན་པའི་ཆུ་འབྲས་ཚོད་འདེབས་ཞིང་ཁ་དེའི་ནང་ཆུ་འབྲས་སྣ་ཁ་མང་པོ་བཏབ་ཡོད། དེའི་ནང་རྒྱུད་འདྲེས་ཆུ་འབྲས་སྣ་ཁ18ཡོད།ནི་ཀྲེ་རི་ཡ་ནི་ཨ་ཧྥེ་རི་ཁ་ནུབ་མའི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། ཁྱོན་མི་འབོར་དུང་ཕྱུར1.8ཙམ་ཡོད། འབྲས་ཟ་མཁན་མི་ཚོགས་ཇེ་མང་དུ་ཕྱིན་ནས་ལོ་ལྟར་འབྲས་ཏུན་ཁྲི300ལྷག་ཙམ་འཛད་སྤྱོད་བྱེད་པ་དང་དེའི་ནང་གི60%ནང་འདྲེན་བྱེད་དགོས་ཀྱི་ཡོད། འབྲུ་རིགས་རང་ཁ་རང་གསོ་ཐུབ་པ་བྱ་ཆེད། ནི་ཀྲེ་རི་ཡའི་སྲིད་གཞུང་གིས་འབྲས་ནང་འདྲེན་གཏན་འགོག་བྱས་ཡོད། དེ་ལས་ནི་ཀྲེ་རི་ཡའི་ཆུ་འབྲས་ཐོན་སྐྱེད་དང་ཆུ་འབྲས་ཀྱི་ས་བོན་ལེགས་སྒྱུར་ལ་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་བཏོད་ཡོད།ཀྲའོ་ཏུའུ་ལེས་འབྲས་ཞིང་འགྲམ་གྱི་ལམ་ཆུང་ཐོག་ཟགས་པའི་ཨ་འབྲས་སྨིན་མ་ཞིག་སྒྲུག་སྟེ་མྱོང་ཚོར་ཟབ་མོའི་སྒོ་ནས“ནི་ཀྲེ་རི་ཡར་ཚ་བ་ཆེ་བས་ཞིང་ལས་འཕེལ་རྒྱས་བཏང་ན་ཧ་ཅང་འཚམ་པོ་ཡོད”ཅེས་བཤད་བྱུང་།ཤེས་རྟོགས་བྱུང་བར་གཞིགས་ན། ནི་ཀྲེ་རི་ཡའི་ཆུ་འབྲས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི200ལྷག་ཙམ་ཡོད་ཀྱང་སྤྱི་ཆིང་རེ་ནས་འབྲས་ཆ་སྙོམས་ཏུན1.8ལས་ཐོན་གྱི་མེད། འོན་ཀྱང་ཀུང་སིའི་རྒྱུད་འདྲེས་ཆུ་འབྲས་སྤྱི་ཆིང་རེ་ནས་ཆ་སྙོམས་ཏུན་6.8ཐོན་པ་དང་མཐོ་ཤོས་ལ་ཏུན་9.5ཐོན་གྱི་ཡོད།ལྗང་མདོག་ཞིང་ལས་ཨ་ཧྥེ་རི་ཁ་ནུབ་མ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དབང་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཀུང་སི་དེ2010ལོར་ནི་ཀྲེ་རི་ཡའི་ཁྲོམ་རར་ཞུགས་པ་ནས་བཟུང་། ད་བར་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། 2014ལོར་ཀུང་སིས་ནི་ཀྲེ་རི་ཡར་སྤྱིར་བཏང་གི་ཆུ་འབྲས་ས་བོན་ཏུན་6000ཐོན་སྐྱེད་དང་ཕྱིར་ཚོང་བྱེད་མྱོང་ཡོད།ནི་ཀྲེ་རི་ཡའི་དབུས་རྒྱུད་ས་མཐོའི་ཀྲོའུ་རུ་ཀུང་སི་དེའི་ཆུ་འབྲས་ཚོད་ལྟ་ཁང་ཞིག་དང་ནུབ་བྱང་རྒྱུད་ཀྱི་ཁའེ་པི་ཀྲོའུ་རུ་སྤྱི་ཆིང་2000ཟིན་པའི་ཞིང་ར་ཞིག་ཡོད། དེའི་ནང་སྤྱི་ཆིང་800ཆེད་མངགས་འབྲས་འདེབས་ཀྱི་ཡོད། གཞན་ཡང་། ཀུང་སི་དེས་ནི་ཀྲེ་རི་ཡའི་ཞིང་དུད5000ལྷག་ཙམ་ལ་ལག་རྩལ་མཛུབ་ཁྲིད་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་ཞབས་ཞུ་སྒྲུབ་ཡོད།དབང་ཅུན་གྱིས་ཀུང་སིའི་རྒྱུད་འདྲེས་ཆུ་འབྲས་དེ་ནི་ཀྲེ་རི་ཡའི་ཞིང་ལས་པུའི་ཞིབ་བཤེར་གཏན་འབེབས་ཀྱི་ཚད་གཞི་ལོན་ཚེ། དང་ཐོག་ཞིང་དུད5000ལ་ཁྱབ་གདལ་གཏོང་རྒྱུ་རེད་ཅེས་བཤད་བྱུང་།“གལ་སྲིད་ནི་ཀྲེ་རི་ཡས་ཆུ་ལུད་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་རྒྱུད་འདྲེས་ཆུ་འབྲས་འདེབས་འཛུགས་ཁྱབ་གདལ་བཏང་ཚེ། ནི་ཀྲེ་རི་ཡའི་ཆུ་འབྲས་ཐོན་འབབ་30%ནས་50%བར་མང་དུ་གཏོང་ཐུབ་ངེས་རེད”ཅེས་ཀྲའོ་ཏུའུ་ལེས་བཤད་བྱུང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།