ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་མཐའ་མཚམས་དར་རྒྱས་དམངས་ཕྱུག་འགུལ་སྐྱོད་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་མཐའ་མཚམས་དར་རྒྱས་དམངས་ཕྱུག་འགུལ་སྐྱོད་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་དཔར་ནས་བཀྲམ།

འཆར་གཞི་ལས་མཐའ་མཚམས་ས་ཁུལ་གྱི་དོན་དངོས་གཞིར་བཟུང་སྟེ། ཕྱོགས་དྲུག་གི་ལས་འགན་གཏན་ལ་ཕབ་པ་སྟེ། གཅིག་ནི་གཞི་རིམ་དང་མཐའ་མཚམས་ས་ཁུལ་ཇེ་བརྟན་དུ་གཏོང་བར་དམིགས་ནས། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནི་དམངས་ཚིས་དང་མཐའ་ཁུལ་བརྟན་འཇགས་ཡོང་བར་དམིགས་ནས། སྟོབས་ཤུགས་ཡོད་རྒུས་མཐའ་མཚམས་ས་ཁུལ་གྱི་དམངས་ཚིས་ལ་ཁག་ཐེག་དང་ལེགས་བཅོས་བྱེད་དགོས། གསུམ་ནི་ཐོན་ལས་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་དར་རྒྱས་སུ་གཏོང་བར་དམིགས་ནས། སྟོབས་ཤུགས་ཡོད་རྒུས་མཐའ་མཚམས་ས་ཁུལ་གྱི་ཁྱད་ཆོས་དང་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། བཞི་ནི་སྒོ་འབྱེད་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་འཆམ་མཐུན་ཡོང་བར་དམིགས་ཏེ། སྟོབས་ཤུགས་ཡོད་རྒུས་མཐའ་མཚམས་ས་ཁུལ་གསར་གཏོད་དང་སྒོ་འབྱེད་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ལྔ་ནི་སྐྱེ་ཁམས་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་ལ་སྲུང་སྐྱོབ་བྱེད་པར་དམིགས་ཏེ། མཐའ་མཚམས་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། དྲུག་ནི་མཐུན་སྒྲིལ་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་བརྟན་འཇགས་ཡོང་བར་དམིགས་ཏེ། སྟོབས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་ས་ཁུལ་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས་པ་བཅས་རེད།

2020ལོའི་བར་དུ། མཐའ་མཚམས་ས་ཁུལ་གྱིས་རྒྱས་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་དགོས་ལ། དམངས་ཚིས་ལ་ཁག་ཐེག་བྱེད་པའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། ཁྱད་ཆོས་དང་ཁྱད་སྟོབས་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་བ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཧུར་ཐག་སྒོས་ཞུགས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ། མཐའ་མཚམས་ས་ཁུལ་བརྟན་འཇགས་དང་འཆམ་མཐུན་གྱི་གནས་བབ་བཟང་བོ་སྔར་ལས་ཇེ་བརྟན་དུ་གཏོང་དགོས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།