ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། བཟོ་ལས་ཐོན་རྫས་སྐོར་ཞིག་ཐོན་སྐྱེད་བྱེད་པའི་ཆོག་འཐུས་འགྲོ་ལུགས་མེད་པར་གཏོང་བ་དང་མར་སྤྲོད་པ། ཆོག་མཆན་གོ་རིམ་སྟབས་བདེར་བཏང་སྟེ། བཟོ་སྐྲུན་ལས་རིགས་གསར་སྐྲུན་བྱེད་པ་དང་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པ་གཏན་ལ་ཕབ་པར་མ་ཟད། ཞིང་ལྗོངས་ཁ་ཤས་སུ་ལྗང་མདོག་དངུལ་ལོར་བཅོས་སྒྱུར་དང་གསར་གཏོད་བྱེད་པའི་ཚོད་ལྟའི་ས་ཁུལ་བཙུགས་ཏེ། ལྗང་མདོག་དཔལ་འབྱོར་གྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་གཏན་ལ་ཕབ།

ཚོགས་ཐོག་ནས་བལྟས་ན། བཟོ་སྐྲུན་ལས་རིགས་ནི་དངོས་ཕུང་དཔལ་འབྱོར་གྱི་རྒྱབ་རྟེན་གཙོ་བོ་ཡིན། དབང་གཏོང་དང་དོ་དམ་ཞབས་ཕྱི་བཅས་བཅོས་སྒྱུར་བྱེད་པའི་རེ་བ་ལྟར། བཟོ་ལས་ཐོན་རྫས་ཐོན་སྐྱེད་བྱེད་པའི་ཆོག་འཐུས་འགྲོ་ལུགས་སྟབས་བདེར་གཏོང་བ་དང་། ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དང་ཁེ་ལས་ཀྱི་ཐོན་རྫས་རྒྱུ་སྤུས་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་ཇེ་ཆེར་བཏང་སྟེ། ཚོང་རར་ཞུགས་པའི་ཆ་རྐྱེན་ཇེ་དམར་གཏོང་བ་དང་སྤྱི་ཚོགས་ཀྱི་དངུལ་གཏོང་སྟོབས་ཤུགས་སྐུལ་སློང་བྱས་ནས། ཀྲུང་གོ་བཟོ་སྐྲུན་ཐོན་རྫས་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་བལྟས་ན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལྗང་མདོག་དངུལ་ལོར་སྒྲིག་གཞི་དང་ལམ་ལུགས་མྱུར་དུ་གསར་གཏོད་བྱས་ནས། དངུལ་ལོར་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་དང་། ཐོན་ཁུངས་གྲོན་ཆུང་དང་ནུས་མཐོ་སྒོས་བཀོལ་སྤྱོད་བྱེད་པ་སོགས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་ན། སྒྲིག་གཞི་ལེགས་སྒྲིག་བྱེད་པ་དང་། ཐོན་སྐྱེད་ཀྱི་རྣམ་པ་སྒྱུར་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པས། དགོས་མཁོ་ལྟར་འཚོལ་ཞིབ་དང་ལག་བསྟར་བྱེད་དགོས་པར་སྙམ།

ཚོགས་ཐོག་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།