མཚོ་འགག་གླེང་སྟེགས་སྐབས་དགུ་བ་ཞ་མིན་གྲོང་ཁྱེར་ནས་ཚོགས་པ་དང་ཡུས་ཀྲིན་ཧྲིན་གླེང་སྟེགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས18ཉིན། མཚོ་འགག་གླེང་སྟེགས་སྐབས་དགུ་བ་ཞ་མིན་གྲོང་ཁྱེར་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གླེང་སྟེགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།AvYཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ལྟར། ཡུས་ཀྲིན་ཧྲིན་གྱིས་མཚོ་འགག་གླེང་སྟེགས་སྐབས་དགུ་བ་བདེ་བླག་ངང་ཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཚོགས་འདུར་ཞུགས་པའི་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་དང་ལྷག་པར་དུ་ཐེ་ཝན་གྱི་ཡུལ་མི་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས།AvYཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་དམངས་ཁྲོད་བརྗེ་རེས་རྒྱ་བསྐྱེད་པ་དང་མཉམ་བསྲེས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་དགོས་ཞེས་པའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་བསམ་འཆར་ལྔ་རྒྱས་བཤད་བྱས། གཅིག མཉམ་བསྲེས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་སྐབས། མཚོ་འགག་འགྲམ་གཉིས་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་སྤྱིའི་ཁེ་ཕན་མཉམ་དུ་སྲུང་སྐྱོབ་བྱེད་དགོས། གཉིས། མཉམ་བསྲེས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་སྐབས། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་སྟེ་མཚོ་འགག་འགྲམ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ཇེ་མང་དུ་གཏོང་དགོས། གསུམ། མཉམ་བསྲེས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་སྐབས། ཀྲུང་ཧྭའི་རིག་གནས་མཉམ་དུ་དར་སྤེལ་བྱས་ཏེ་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་བསམ་བློ་གཅིག་སྦྲེལ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས། བཞི། མཉམ་བསྲེས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་སྐབས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་གསར་སྐྲུན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཉམ་བསྲེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་གཏོང་དགོས། ལྔ། མཉམ་བསྲེས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་སྐབས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་དཀའ་ཁག་ཁྱད་སེལ་བྱས་ཏེ་བར་ཆད་སྣ་ཚོགས་མེད་པར་གཏོང་དགོས་པ་བཅས་རེད།AvYཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་ད་དུང་ཞ་མིན་གྲོང་ཁྱེར་གྱི་འབྲེལ་ཡོད་ཁེ་ལས་ལ་རྟོག་ཞིབ་བྱས་པར་མ་ཟད་ཧྥུའུ་ཅན་དང་ཐེ་ཝན་གྱི་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།   །AvYཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།