ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་འཆད་ཁྲིད་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའུ་ཧྲུའུ་ཅི་ལིས་ཁི་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་འཆད་ཁྲིད་བསྡུས་ནས། སྐོར་ཐེངས་དང་པོའི་འཛམ་གླིང་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས། དེ་མིན་མིས་བཟོས་རིག་ནུས་དང་ཚད་རྡུལ་ཚན་རིག གཞི་རྒྱུ་སྒྱུར་བཅོས་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གནས་བབ་ལ་སློབ་སྦྱོང་བྱས།

ཡོན་ཧྲི་པེ་ཁྲུན་ལིས་དང་ཕན་ཡོན་ཧི། ཕན་ཅན་ཝེ། ཀྲིག་ཆི་བཅས་ཀྱིས་འཆད་འགྲེལ་བྱས།

ལིས་ཁི་ཆང་གིས་བཤད་རྒྱུར། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ་དང་དབང་གཏོང་དང་དོ་དམ། ཞབས་ཕྱི་བཅས་ཀྱི་བཅོས་སྒྱུར་ལག་བསྟར་བྱས་ནས། ཚན་རྩལ་ཞིབ་འཇུག་ཁང་དང་ཕན་འབྲས་མཐོ་བ་གཉིས་ཟུང་འབྲེལ་བྱེད་དགོས། ཚན་རིག་ཞིབ་འཇུག་སྒྲིག་ཆས་དེ་གསར་སྐྲུན་གཙོ་གཞིའི་ཕྱོགས་སུ་སྒོ་འབྱེད་པར་སྐུལ་འདེད་གཏོང་དགོས། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་དང་། སྒེར་གཉེར་དང་མང་ཚོགས་ཀྱི་རིག་སྟོབས་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། ཚན་རིག་ཞིབ་འཇུག་ཁང་དང་མཐོ་རིམ་སློབ་གྲྭ། ཁེ་ལས་སོགས་ཀྱིས་གོང་འོག་མཉམ་བསྲེས་བྱེད་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་བར་མཉམ་ལས་གཏིང་ཟབ་བྱས་ནས། ཀྲུང་གོའི་གསར་སྐྲུན་གྱི་རྣམ་པ་གསར་བ་དང་གསར་སྐྲུན་གྱི་མགྱོགས་ཚད་ཆགས་པར་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་བཤད་རྒྱུར། རིམ་པ་སོ་སོའི་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག ཤེས་བྱ་གསར་བར་རེ་སྙེག་བྱེད་པ་དང་སྲིད་ཇུས་གསར་སྐྲུན་བྱས་ཏེ། གསར་སྐྲུན་རང་བཞིན་གྱི་རྒྱལ་ཁབ་དང་འཛམ་གླིང་ཡོངས་སུ་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།