ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཆི་པོ་ཡིས་རང་རྒྱལ་པར་སྐྲུན་རྒྱལ་ཁབ་ཆེན་པོ་ནས་པར་སྐྲུན་སྟོབས་ལྡན་རྒྱལ་ཁབ་ཏུ་མྱུར་བར་སྐྱོད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པོ་རྒྱལ་ཡོངས་པར་སྐྲུན་བྱ་བའི་གྲོས་ཚོགས་ལ་ཞུགས་ཏེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་པར་སྐྲུན་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་། ཕུལ་བྱུང་བརྩམས་ཆས་སྔར་ལས་མང་པོ་པར་སྐྲུན་བྱེད་པ་དཀྱིལ་སྙིང་དུ་བཟུང་སྟེ་ནང་དོན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། པར་སྐྲུན་དོ་དམ་འཐུས་ཚང་དུ་གཏོང་དགོས་ལ། སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཅིག་གྱུར་བྱེད་པའི་སྒྲིག་སྲོལ་རྐྱེན་སྲོལ་ཆ་ཚང་གཏོང་བ་དང་། པར་སྐྲུན་ལས་རིགས་རྒྱུན་མཐུད་སྒོས་དར་རྒྱས་གོང་འཕེལ་དུ་འགྲོ་བ་མངོན་འགྱུར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བསམ་བློ་རིག་གནས་དགོས་མཁོ་སྔར་ལས་སྐོང་བ་དང་། རང་རྒྱལ་པར་སྐྲུན་རྒྱལ་ཁབ་ཆེན་པོ་ནས་པར་སྐྲུན་སྟོབས་ལྡན་རྒྱལ་ཁབ་ཏུ་མྱུར་བར་སྐྱོད་དགོས་ཟེར།

ལིག་ཆི་པོ་ཡིས་བཤད་རྒྱུར། པར་སྐྲུན་གྱིས་བདེན་ལུགས་བརྒྱུད་གཏོང་དང་དཔལ་ཡོན་རྒྱུན་འཛིན། མི་དམངས་ལ་སློབ་གསོ་གཏོང་བ། སྤྱི་ཚོགས་ལ་ཞབས་ཕྱི་བསྒྲུབ་པ་བཅས་ཀྱི་འགན་འཁྲི་འཁུར་ཡོད་པས། ནང་དོན་གཙོ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། གཙོ་གཞིའི་བསམ་བློའི་རིན་ཐང་མངོན་པར་བྱེད་པ། ཐོག་མའི་བརྩམས་ཆས་པར་སྐྲུན་འབུར་དུ་ཐོན་པར་བྱེད་པ། པར་སྐྲུན་སྤུས་ཚད་ཇེ་མཐོར་བཏང་ནས་སྔར་ལས་མང་པོའི་ཕུལ་བྱུང་པར་སྐྲུན་བརྩམས་ཆས་འགྲེམ་སྤེལ་བྱེད་དགོས་ཟེར། 
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།