ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་སྨན་བཅོས་སྒྱུར་བཅོས་ཀྱི་ཚོད་ལྟའི་གྲོང་ཁྱེར200བར་མང་དུ་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གིས《2016ལོའི་ལོ་འཁོར་གྱི་སྨན་བཅོས་སྒྱུར་བཅོས་ལས་ཀའི་འཕེལ་རིམ་གྱི་ལྟ་ཞིབ་ཚད་ལེན་སྙན་ཞུ》ཁྱབ་བསྒྲགས་བྱས་པའི་ནང་མངོན་པར། 2016ལོར་རང་རྒྱལ་གྱི་སྨན་བཅོས་སྒྱུར་བཅོས་ཀྱི་ཚོད་ལྟའི་གྲོང་ཁྱེར200བར་མང་དུ་བཏང་བ་དང་ས་ཁུལ་དང་གྲོང་ཁྱེར་92.6%གིས་སྨན་བཅོས་ལག་རྩལ་ཞབས་ཞུའི་རྣམ་གྲངས་རིན་གོང་ལེགས་སྒྲིག་བྱས་པ་ལས་སྨན་བཅོས་སྒྱུར་བཅོས་ལས་དོན་ཁག་གི་རྣམ་པ་བཟང་པོ་མངོན་མོད། འོན་ཀྱང་་གཞུང་བཙུགས་སྨན་ཁང་དུ་སྒྱུར་བཅོས་ལས་དོན་ཡོངས་སུ་ཁྱབ་མེད་པ་དང་གཞུང་བཙུགས་སྨན་ཁང་ཁག་གཅིག་གིས་སྨན་རྫས་ཀྱི་མ་གནས་རིན་སྤོར་མཚམས་འཇོག་བྱས་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་ལྷག་ཡོད།

 “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་ཀྱི་ལོ་ཞིག་ཡིན་པའི2016ལོར་སྨན་བཅོས་སྒྱུར་བཅོས་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད་ལ་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད། ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་སྨན་བཅོས་སྒྱུར་བཅོས་ཀྱི་ཚོད་ལྟའི་གྲོང་ཁྱེར200བར་མང་དུ་བཏང་བ་དང་གཞུང་བཙུགས་སྨན་ཁང2335ཡིས་ཕྱོགས་ཡོངས་ནས་སྒྱུར་བཅོས་བྱས་ཡོད། སྨན་བཅོས་སྒྱུར་བཅོས་ལས་དོན་ཁག་ནས་གཉིས་འཕར་གཉིས་ཆག་གི་རྣམ་པ་བཟང་པོ་མངོན་པ་སྟེ། གྲོང་མིའི་བདེ་ཐང་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་པ་དང་འཕྲོད་བསྟེན་ཐོན་ཁུངས་ཀྱི་བཀོད་སྒྲིག་ཆུ་ཚད་མཐོ་རུ་ཕྱིན་ཡོད། སྨན་བཅོས་འགྲོ་གྲོན་འཕར་ཚད་མུ་མཐུད་ཆག་པ་དང་གྲོང་མིའི་སྨན་བཅོས་ཁུར་པོ་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་ཡོད། 2016ལོར་ཚོད་ལྟའི་ལས་དོན་སྤེལ་ཡུལ་གྱི་གྲོང་ཁྱེར་གཞུང་བཙུགས་སྨན་ཁང་གི་སྒོ་བསྟེན་སྨན་ཡོན་དང་སྨན་ཁང་དུ་སྡོད་པའི་སྨན་རིན་གྱི་གྲུབ་ཆའི་ནང་སྨན་གྱིས49%དང་། 34.2%སོ་སོ་ཟིན་པ་དེ2015ལོ་ལས་བརྒྱ་ཆའི་གྲངས2དང་། 2.5སོ་སོ་ཆག་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།