ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཧོང་ཏ་ཉན་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་གནང་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་བཅུ་བདུན་ལོའི་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་སློབ་ཆེན་སའི་གོ་ལའི་འཚོལ་ཞིབ་ཚན་རིག་དང་ལག་རྩལ་སློབ་གླིང་གི་སྔོན་ཆད་ཀྱི་དགེ་རྒན་ཆེན་མོ་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། བློ་མཐུན་ཧོང་ཏ་ཉན་གྱིས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་རྒྱུན་འཁྱོངས་བྱས་ཏེ། མེས་རྒྱལ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་དར་རྒྱས་སུ་གཏོང་བ། མི་དམངས་བདེ་སྐྱིད་ཡོང་བར་ནུས་ཤུགས་འདོན་པ་དེ་མི་ཚེ་གང་བོའི་རེ་སྙེག་ཏུ་བརྩིས་ནས། རང་རྒྱལ་གྱི་སློབ་གསོ་ཚན་ཞིབ་ལས་དོན་ཐད་ལ་བྱས་རྗེས་འབུར་ཐོན་བཞག་པ་དང་། ཁོའི་སྔོན་ཐོན་བྱས་རྗེས་ཀྱིས་མི་སེམས་འགུལ་བ་ཞིག་ཡིན། ང་ཚོས་བློ་མཐུན་ཧོང་ཏ་ཉན་མིག་དཔེ་བྱས་ཏེ་ཁོས་ལྷག་བསམ་རྣམ་དག་སྒོས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་རྒྱལ་གཅེས་བརྩེ་སེམས་ལ་སློབ་སྦྱོང་བྱེད་པ་དང་། ཁོས་སློབ་གསོར་བརྟེན་ནས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་སྤོབས་ཆེན་པོས་མདུན་སྐྱོད་བྱེད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་ལ། ཁོས་མིང་དང་ཁེ་ཕན་མི་བསམ་པར་བྱས་རྗེས་འཇོག་ཕོད་པའི་བླ་མེད་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། རྒྱལ་གཅེས་བརྩེ་སེམས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཀུན་སྤྱོད་བཟང་བོ་དེ་མེས་རྒྱལ་གྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་རླབས་ཆེན་ལས་དོན་དུ་ཞུགས་པ་དང་། མི་དམངས་ལོ་རྒྱུས་གསར་སྐྲུན་བྱེད་པའི་རླབས་ཆེན་འབད་འཐབ་ཁྲོད་དུ་ཞུགས་ནས། རང་ཉིད་ནས་མགོ་འཛིན་པ་དང་རང་ཉིད་ཀྱི་ལས་གནས་སུ་མགོ་བཟུང་སྟེ་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འདོན་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། སྔོན་ཐོན་ལ་གཟེངས་བསྟོད་དང་སྤྱོད་བཟང་དར་སྤེལ་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གསར་གཏོད་བརྩོན་ལེན་དང་དཀའ་སྤྱད་འབད་བརྩོན་བྱེད་པར་སྣེ་ཁྲིད་བྱས་ནས། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལས་དོན་སྣ་ཚོགས་ཁྲོད་དུ་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་དགོས། ཏང་ཀྲུང་དབྱང་གིས་བློ་མཐུན་ཧོང་ཏ་ཉན་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་གནང་རྒྱུ་ཐག་བཅད།

ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བློ་མཐུན་ཧོང་ཏ་ཉན་ལ་སློབ་སྦྱོང་བྱེད་དགོས་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པ་དེ་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ནང་དོན་གལ་ཆེན་དུ་བཞག་སྟེ། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ལ་སློབ་སྦྱོང་བྱེད་པ་དང་གསུང་བཤད་རབ་དང་རིམ་པར་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་ཟུང་འབྲེལ་བྱས་ནས། རྣམ་པ་སྣ་ཚོགས་སྤྱད་དེ་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་ཏུ་སྤེལ་དགོས་པའི་རེ་འབོད་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།