ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཁྲིད་དེ་ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་ལ་ལྟ་སྐོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

俞正声率中央代表团参观庆祝内蒙古自治区成立70周年展览.jpg

ཟླ་བརྒྱད་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲིན་ཧྲིན་གྱིས་འཐུས་ཚབ་ཚོགས་པའི་མི་སྣ་ཡོངས་ཁྲིད་དེ་ནང་སོག་འགྲེམ་སྟོན་ཁང་དུ་སོང་ནས། ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་ལ་ལྟ་སྐོར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བརྒྱད་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲིན་ཧྲིན་གྱིས་འཐུས་ཚབ་ཚོགས་པའི་མི་སྣ་ཡོངས་ཁྲིད་དེ་ནང་སོག་འགྲེམ་སྟོན་ཁང་དུ་སོང་ནས། ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་ལ་ལྟ་སྐོར་བྱས། 

ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་ལས་ཏང་ཀྲུང་དབྱང་གིས་ནང་སོག་རང་སྐྱོང་ལྗོངས་ལ་བརྩེ་བའི་སེམས་ཁུར་བྱས་པ་གཙོ་བོར་བཟུང་སྟེ། ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རིང་ལ་ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག་དང་། ཏང་གི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ཀྱི་གཟི་འོད་འཕྲོས་འོག རྩྭ་ཐང་གི་བུ་བུ་མོས་ཕན་ཚུན་རོགས་རམ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་གང་ལེགས་སྒོས་མཚོན་ཡོད།

ཡུས་ཀྲིན་ཧྲིན་གྱིས་ནང་སོག་རང་སྐྱོང་ལྗོངས་ཀྱིས་ཉེ་བའི་ལོ་འགའི་རིང་ལ་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། དབུལ་ཐར་མཁྲེགས་གཏོར། སྐྱེ་ཁམས་བདེ་འཇགས་སོགས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་ཁས་ལེན་གང་ལེགས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།