ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཞི་བདེ་སྲུང་སྐྱོང་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་ཨང་དང་པོ་ཏར་ཕུར་དུ་བདེ་བླག་ངང་འབྱོར་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་ཨང་དང་པོའི་མཁའ་དབྱིངས་སྐྱེལ་འདྲེན་སྔོན་སྐྱོད་ཚོགས་ཆུང་གི་ཐད་འཕུར་གནམ་གྲུ་གཉིས་ཉིན་ཤས་གོང་སུའུ་ཏན་གྱི་ནུབ་རྒྱུད་ཏར་ཕུར་གྱི་ལས་འགན་སྒྲུབ་ཁུལ་ཧྥ་ཤིའར་གནམ་ཐང་དུ་བདེ་བླག་ངང་འབྱོར་བ་རེད།

ཐད་འཕུར་གནམ་གྲུ་དེ་གཉིས་ལ་དཔོན་དམག་15དང་དངོས་ཟོག་དང་གོ་མཚོན་ཏུན་2ཙམ་བླུགས་ནས་སུའུ་ཏན་གྱི་ཁར་ཐུམ་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཏེ་ཆུ་ཚོད་བཞི་ཙམ་རིང་སྤྱི་ལེ་900ཙམ་འཕུར་བ་བརྒྱུད་དམིགས་སར་བདེ་འཇགས་ངང་འབྱོར་བ་རེད།ཞི་བདེ་སྲུང་སྐྱོང་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་གི་རུ་དཔོན་ཁྲེན་ཝུན་ལུང་གིས་ཡན་ལག་རུ་ཁག་གི་དུས་འགོའི་དམིགས་སའི་རང་བཞིན་ལྡན་པའི་སྦྱོང་བརྡར་ཏན་ཏིག་ནུས་ལྡན་བྱུང་བ་དང་མཉམ་སྐྱོད་ལས་འགན་སྒྲུབ་པའི་འཇོན་ཐང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་ཁག་གི་རེ་བ་དང་ཡོངས་སུ་མཐུན་ཡོད། “ཕྲག་སྟེང་གི་འགན་འཁྲི་ཡག་པོ་སྒྲུབ་པ་དང་ཞི་བདེ་སྲུང་སྐྱོང་གི་ལས་འགན་ལེགས་གྲུབ་ཡག་པོ་ཐུབ་རྒྱུར་ང་ཚོར་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད་པས་མེས་རྒྱལ་དང་མི་དམངས་ཐུགས་བློ་བདེ་པོ་གནང་རོགས”ཞེས་བརྗོད།འདི་ལོའི་ཟླ་6པར་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་ཨང་དང་པོའི་མཁའ་དབྱིངས་སྐྱེལ་འདྲེན་སྔོན་སྐྱོད་ཚོགས་ཆུང་གི་མི་24དང་ཞི་བདེ་སྲུང་སྐྱོང་ཐད་འཕུར་གནམ་གྲུ་བླུགས་པའི་སྐྱེལ་འདྲེན་གནམ་གྲུ་ཆེ་གྲས་དེ་ཁག་གཉིས་ལ་བགོས་ནས་སྔ་རྗེས་སུ་སུའུ་ཏན་གྱི་རྒྱལ་ས་ཁར་ཐུམ་དུ་འབྱོར་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།