ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཕིང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཡན་ལག་ཚོགས་པ་བཞི་པ་ཁྲིད་དེ་ཡ་པན་ཀྲོ་ཨར་དང་ཨི་ཨར་ཏོ་སི། ཐུང་ལེའོ་བཅས་སུ་སོང་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་དགུ་ནས་ཚེས་བཅུ་གཅིག་ཉིན་བར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཕིང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཡན་ལག་ཚོགས་པ་བཞི་པ་ཁྲིད་དེ་སྔ་གཞུག་ཏུ་ནང་སོག་རང་སྐྱོང་ལྗོངས་ཀྱི་པ་ཡན་ཀྲོ་ཨར་གྲོང་ཁྱེར་དང་ཨི་ཨར་ཏོ་སི་གྲོང་ཁྱེར། ཐུང་ལེའོ་གྲོང་ཁྱེར་བཅས་སུ་སོང་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས།

ཀྲང་ཕིང་སོགས་ཁེ་ལས་དང་སྡོད་ཁུལ། གྲོང་སྡེ་སོགས་སུ་སོང་ནས། ས་དེའི་ལས་བྱེད་པ་དང་མང་ཚོགས་ལ་བརྗེ་རེས་ཟབ་མོ་བྱས་ཏེ། ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཀྲང་ཕིང་གིས་ས་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ལྟ་བ་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱས་ཏེ། འདུ་ཤེས་བཞི་བརྟན་པོར་བཅངས་པ་དང་། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ལ་གཟིགས་བཤེར་མཛད་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ལྟ་སྐྱོང་རོགས་རེས་དང་མཐུན་སྒྲིལ་འབད་འཐབ་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་སྒྱུར། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་ཐད་ནས་གྲུབ་འབྲས་གསར་པ་བླངས་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།