ལིག་ཡུན་ཏུང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཡན་ལག་འཐུས་ཚབ་ཚོགས་པ་གཉིས་པ་ཁྲིད་དེ་ཁྲི་ཧྥིན་དང་ཧུའུ་ལུན་པེ་ཨར། ཝུའུ་ལན་ཁྲ་པུའུ་བཅས་ལ་སོང་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་དགུ་ནས་ཚེས་བཅུ་གཅིག་ཉིན་བར། ནང་སོག་རང་སྐྱོང་ལྗོངས་བཙུགས་ཏེ་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པའི་ཀྲུང་དབྱང་འཐུས་ཚབ་ཚོགས་པས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བརྩེ་བའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་བཟང་པོ་སེམས་ལ་བཅངས་ཏེ། ས་ཁུལ་སོ་སོར་སོང་ནས་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ལིག་ཡུན་ཏུང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཡན་ལག་ཚོགས་པ་གཉིས་པ་ཁྲིད་དེ་སྔ་གཞུག་ཏུ་ནང་སོགས་རང་སྐྱོང་ལྗོངས་ཀྱི་ཁྲི་ཧྥིན་དང་ཧུའུ་ལུན་པེ་ཨར། ཝུའུ་ལན་ཁྲ་པུའུ་བཅས་ལ་སོང་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས།

འཐུས་ཚབ་ཚོགས་པ་རོང་འབྲོག་ཁུལ་དང་སྡོད་ཁུལ། ཁེ་ལས། སློབ་གྲྭ། སྨན་ཁང་། ཚན་རིག་ཞིབ་འཇུག་ལས་ཁུངས། མཐའ་མཚམས་འགག་སྒོ། འབྲོག་པའི་ཁྱིམ་ཚང་བཅས་སུ་སོང་ནས། བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཚང་མ་དང་མཉམ་དུ་བརྩེ་བའི་གླེང་མོལ་བྱས། ལིག་ཡན་ཏུང་གིས་ལོ་བདུན་ཅུའི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྩེ་བའི་ཐུགས་ཁུར་འོག་ཏུ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པས། གོང་གི་གྲོང་ཁྱེར་གསུམ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་བཤད། ཁོ་མོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ལྟ་བ་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། འདུ་ཤེས་བཞི་བརྟན་པོར་བཅངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ལ་གཟིགས་བཤེར་བྱེད་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱས་ཏེ། དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པར་འབད་བརྩོན་གྱིས་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ། མི་རིགས་བྱ་བ་ཞིབ་ཏུ་བཟང་པོར་སྒྲུབ་ནས་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་ཡར་སྐུལ་བྱེད་པ་བཅས་བྱས་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།