ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་བོན་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ཐད་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་དགུ་བའི་ཚེས་གཉིས་ཉིན«ས་བོན་བཅའ་ཁྲིམས»ལག་བསྟར་བྱེད་པའི་གནས་ཚུལ་ཐད་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྤེལ།

ས་བོན་ལས་རིགས་ནི་རང་རྒྱལ་གྱི་འཐབ་ཇུས་རང་བཞིན་དང་རྨང་གཞི་རང་བཞིན་གྱི་ཐོན་ལས་གལ་ཆེན་དང་། རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་ཕན་ཡོད་མཁོ་འདོན་ལ་འགན་སྲུང་བྱེད་པའི་རྨང་གཞི་ཡིན་ལ། ས་བོན་བཅའ་ཁྲིམས་ནི་ས་བོན་ལས་རིགས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་ཁྲིམས་ལུགས་ཀྱི་འགན་སྲུང་ཡིན། ས་བོན་བཅའ་ཁྲིམས་ལག་བསྟར་བཟང་བོ་བྱེད་རྒྱུ་ནི་ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་དང་། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་ལག་ཏུ་དམ་པོར་འཛིན་པའི་རྨང་གཞི་གཙོ་བོ་རེད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་འདིའི་ཁྲིམས་འཛིན་ཞིབ་བཤེར་ཐད་ནས་སོན་རྒྱུ་ཐོན་ཁུངས་མཛོད་དང་སྲུང་སྐྱོབ་ཁུལ། ཡང་ན་སྲུང་སྐྱོབ་ས་ཆ་འཛུགས་སྐྲུན་བྱེད་པ་དང་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱེད་པའི་གནས་ཚུལ་སོགས་ས་བོན་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་གཙོ་གནད་ལ་དམིགས་ནས། གནད་དོན་གྱི་ཁ་ཕྱོགས་འབུར་ཐོན་བྱེད་པ་དང་། ས་བོན་བཅའ་ཁྲིམས་ནང་གཏན་ཁེལ་བྱས་པའི་གཞི་རྩའི་ལམ་ལུགས་དང་ཁྲིམས་ལུགས་ཀྱིས་གཏན་ཁེལ་བྱས་པའི་ལག་བསྟར་གནས་ཚུལ་གཙོར་བཟུང་ནས་ཞིབ་བཤེར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།