ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ས་ལའོ་ཉི་ཁ་རྒྱལ་སྤྱིའི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གྱ་གཉིས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་བའི་ཚེས་དགུ་ཉིན་ས་ལའོ་ཉི་ཁ་རྒྱལ་སྤྱིའི་དངོས་མང་འགྲེམ་ཚོགས་དང་ཀྲུང་གོའི་སྐུ་མགྲོན་རྒྱལ་ཁབ་གཙོ་བོའི་བྱ་འགུལ་ཐད་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་། ཞི་ལའི་ཙུང་ལི་ཆི་ཕུའུ་ལ་སི་དངོས་མང་འགྲེམ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། 1998ལོར། ཀྲུང་གོ་ས་ལའོ་ཉི་ཁའི་རྒྱལ་སྤྱིའི་དངོས་མང་འགྲེམ་སྟོན་ཚོགས་འདུའི་ལོ་རྒྱུས་སྟེང་གི་ཐོག་མའི་སྐུ་མགྲོན་རྒྱལ་ཁབ་གཙོ་བོ་བྱས་ནས་འགྲེམ་སྟོན་ལ་ཞུགས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་འགྲོ་འོང་སྤེལ་བའི་ཐད་ནས་ཟམ་གསར་བཙུགས། དེ་དངོས་མང་འགྲེམ་སྟོན་ཚོགས་འདུ་འཕེལ་རྒྱས་སུ་གཏོང་བའི་ཐད་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པར་མ་ཟད། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འགྲོ་འོང་དང་ཀྲུང་གོ་དང་ཞི་ལ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་བཏང་ཡོད། ལོ་ངོ་བཅུ་དགུའི་རིང་ལ། ཀྲུང་གོ་དང་ཞི་ལ་རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་མཉམ་ལས་སྤེལ་བ་དང་། ཆབ་སྲིད་ཡིད་ཆེས་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་བཏང་བས། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་པ་དང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོ་བའི་མགོ་ཚུགས་ས་གསར་བའི་སྟེང་འགྲེང་ཡོད་ལ། འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེ་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་ཞི་ལ་དང་བཅས་པའི་རྒྱལ་ཁབ་སོ་སོ་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དེ་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་སྔར་ལས་བཟང་བོ་བྱེད་པ་དང་། ཐུན་མོང་གི་ཁེ་ཕན་སྔར་ལས་ཆེན་པོ་བསྐྲུན་པ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རང་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཞོར་དུ། འཛམ་གླིང་གི་དཔལ་འབྱོར་སྔར་ལས་སླར་གསོ་བཟང་བོ་བྱེད་པར་སྐུལ་འདེད་བཏང་སྟེ། སྟོབས་ལྡན་དང་རྒྱུན་མཐུད། དོ་སྙོམས། བཟོད་སྒོམ་ངང་འཕེལ་རྒྱས་སུ་གཏོང་དགོས་ཟེར།
 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།