ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བར་ཞུགས་པའི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0.jpg

ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཀོང་ཞི་ནན་ཉིན་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ཚོང་དོན་དངུལ་གཏོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་ཡོང་བའི་བུན་ལེའི་སུའུ་ཏན་ཧ་སང་ན་ཨར་ལ་ཐུག་འཕྲད་བྱས།

00.jpg

ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཀོང་ཞི་ནན་ཉིན་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ཚོང་དོན་དངུལ་གཏོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་ཡོང་བའི་ལའོ་ཝུའོ་ཡི་ཙུང་ལི་གཞོན་པ་སུང་སེ་ལ་ཐུག་འཕྲད་བྱས། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བཅུ་གཅིག་ཉིན་ཀོང་ཞི་ནན་ཉིན་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ཚོང་དོན་དངུལ་གཏོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་ཡོང་བའི་བུན་ལེའི་སུའུ་ཏན་ཧ་སང་ན་ཨར་དང་ལའོ་ཝུའོ་ཡི་ཙུང་ལི་གཞོན་པ་སུང་སེ་གཉིས་ལ་སོ་སོར་ཐུག་འཕྲད་བྱས།

ཧ་སང་ན་ཨར་ལ་ཐུག་འཕྲད་བྱེད་སྐབས། ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། ད་ལོ་ནི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གནས་སྐོར་མཉམ་ལས་བྱེད་པའི་ལོ་ཡིན། དུས་ཡུན་རིང་བོའི་ཚུན་ལ། བུན་ལེ་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་བཟང་བོ་འདོན་སྤེལ་བྱས་པས། ཀྲུང་གོ་ཕྱོགས་ཀྱིས་དེར་གཟེངས་བསྟོད་བྱས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བུན་ལེ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གོ་སྐབས་བཟང་བོ་དམ་པོར་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། དམངས་ཁྲོད་བར་གྱི་མཛའ་མཐུན་ཇེ་བརྟན་དུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

སུང་སེ་ལ་ཐུག་འཕྲད་བྱེད་སྐབས། ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། ད་ལོར་ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་བྱུང་བ་དང་། ཁྱད་པར་དུ་ད་ལོའི་ཟླ་ལྔ་བར་སྤྱི་ཁྱབ་ཧྲུའུ་ཅི་པུན་དབྱང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཉིས་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སུ་ཞུགས་པའི་སྐབས་སུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་བཟང་བོ་བྱེད་པ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ། ས་གནས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ། ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་སྟེ། ཀྲུང་གོ་དང་ལའོ་ཝུའོ་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།