ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་ཕུལ་ནས་གྲོས་བསྡུར་བྱེད་པའི་ཡིག་ཆ་གསུམ་ལ་ཞིབ་འཇུག་བྱས་པ་དང་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་ཕུལ་ཏེ་གྲོས་བསྡུར་བྱེད་པའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བར་སྤྲོད་རྒྱུའི་སྙན་ཞུའི་མ་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་མ་ཡིག སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བར་སྤྲོད་རྒྱུའི་བྱ་བའི་སྙན་ཞུའི་མ་ཡིག་བཅས་ལ་ཞིབ་འཇུག་བྱས་པ་དང་། ལོ་ལྔའི་རིང་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་དང་དངོས་འབེབས་བྱས་པར་མ་ཟད་དེས་ཏང་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པར་སྣེ་ཁྲིད་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བར་སྤྲོད་རྒྱུའི་སྙན་ཞུའི་མ་ཡིག་ལ་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་ཏུ་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་མ་ཡིག་ལ་ཏང་ནང་ཁུལ་དུ་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བར་སྤྲོད་རྒྱུའི་སྙན་ཞུའི་མ་ཡིག་ལ་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་སྐོར་སྙན་ཞུ་བཅས་ལ་ཉན་པ་དང་། ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་བསྡུར་བྱས་པའི་བསམ་འཆར་ལ་བཟོ་བཅོས་བྱས་རྗེས་ཡིག་ཆའི་མ་ཡིག་གསུམ་པོ་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་ཕུལ་ཏེ་གྲོས་བསྡུར་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བལྟས་ན། ཐེངས་འདིའི་བསམ་འཆར་བསྡུ་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ས་གནས་སོ་སོ་དང་ལས་ཁུངས་སོ་སོ། ཕྱོགས་སོ་སོ་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་མ་ཡིག་དང་ཏང་གི་སྒྲིག་ཡིག་བཟོ་བཅོས་མ་ཡིག་ལ་བསམ་འཆར་དང་གྲོས་གཞི་བཟང་བོ་བཏོན། ཕྱོགས་སོ་སོས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་སྒོས་ཞིབ་འཇུག་དང་དང་ལེན་བྱས་ཏེ། དམངས་གཙོ་དར་སྤེལ་བྱེད་པ་དང་ཕྱོགས་སོ་སོའི་རིག་སྟོབས་གཅིག་སྡུད་བྱེད་དགོས་ལ། ཧུར་ཐག་སྒོས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་དང་མཐུན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་དགོས་མཁོ་དང་མཐུན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་གནས་བབ་གསར་བ་དང་ལས་འགན་གསར་བ་དང་མཐུན་པའི་ཚོགས་ཆེན་གྱི་སྙན་ཞུ་ཞིག་འགོད་དགོས་པར་མ་ཟད། ཏང་གི་རིགས་གཞུང་གསར་སྐྲུན་དང་ལག་ལེན་འཕེལ་རྒྱས་དང་མཐུན་པ་དང་གནས་བབ་གསར་བའི་འོག་ཏུ་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་མ་ཡིག་གཏན་འཁེལ་བྱེད་དགོས་པར་སྙམ།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཤུགས་དྲག་པའི་ལོ་རྒྱུས་ཀྱི་ཁག་ཁུར་དང་ཞུམ་པ་མེད་པའི་བློ་རྩ་བརྟན་པོར་བརྟེན་ཏེ། ཏང་ནང་ཁུལ་དུ་གནས་པའི་གནད་དོན་དང་སྐྱོན་ཆ་ལ་དམིགས་ནས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་གཏན་ལ་ཕབ་པ་དང་ལག་བསྟར་བྱས་པས། གནས་བབ་གསར་བའི་འོག་ཏུ་སྤྱོད་ཚུལ་འཛུགས་སྐྲུན་ཐད་ནས་ཅི་ཞིག་འཛིན་པ་དང་ཇི་ལྟར་འཛིན་པའི་གནད་དོན་ཐག་བཅད་པར་མ་ཟད་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་བ་དང་ཏང་སྲོལ་དང་སྲིད་སྲོལ། སྤྱི་ཚོགས་ཀྱི་སྣང་ཚུལ་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། དེས་ཏང་ཀྲུང་དབྱང་གི་དབང་ཟིལ་སྲུང་སྐྱོབ་བྱེད་པ་དང་ཏང་གི་བློ་གཏོད་ནུས་ཤུགས་ཇེ་ཆེར་གཏོང་བ། ཏང་དང་མི་དམངས་མང་ཚོགས་འབྲེལ་འདྲིས་དམ་པོ་བྱེད་པའི་ཐད་ལ་ནུས་པ་ཆེན་པོ་བཏོན་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་པ་དང་སྤྱོད་ཚུལ་འཛུགས་སྐྲུན་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པ་དང་སྤྱོད་ཚུལ་ལེགས་སྒྱུར་བྱེད་པར་ཤུགས་སྣོན་པ་ལས་ལྷོད་གཡང་དུ་གཏོང་མི་རུང་། འཐབ་ཇུས་གཏན་ཤུགས་སྲུང་འཛིན་བྱེད་པ་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འགན་འཁྲིའི་ནུས་པ་ཇེ་ཆེར་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་ཞིང་ཞིབ་བཤེར་ཐག་གཅོད་ནུས་པ་ཇེ་ཆེར་གཏོང་དགོས་པར་མ་ཟད་མུ་མཐུད་དུ་སྤྱོད་ཚུལ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། ཧུར་ཐག་སྒོས་ཏང་གི་སྤྱོད་ཚུལ་ཁྱོན་ཡོངས་ནས་ལེགས་སྒྱུར་བྱས་ནས་ཏང་དང་མི་དམངས་མང་ཚོགས་ནམ་ཡང་རྡོག་རྩ་གཅིག་སྒྲིལ་བྱེད་པ་དང་ལས་དབང་གཅིག་ཏུ་སྦྲེལ་བ། སེམས་ཁ་གཅིག་ལ་ཕྱོགས་པ་བཅས་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།