ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཡུན་ཧྲན་གྱིས་ཁམ་ཕུ་ཁྲེ་ལ་དངོས་གཞིའི་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

841b7303d3d08e0593b63e85f12a1ea1.jpg

པར་འདི་ནི་ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། ལིག་ཡུན་ཧྲན་གྱིས་ཅིན་པེན་ནས་ཁམ་ཕུ་ཁྲེ་མི་དམངས་ཏང་ཀྱི་ཀྲུའུ་ཞི། སྲིད་གཞུང་གི་དབུ་བཞུགས་བློན་ཆེན་ཧུང་སིན་ལ་ཐུག་འཕྲད་བྱས་པའི་ཚུལ་རེད། 

2a9d4fa2d63c12d8e18b27a350925e87.jpg

པར་འདི་ནི་ཟླ་དགུ་བའི་ཚེས་བཅུ་དགུ་ཉིན། ལིག་ཡུན་ཧྲན་གྱིས་ཅིན་པེ་ནས་རྒྱལ་ཁབ་ཀྱི་མགོ་གཙོ་ཚབ་མ། མི་དམངས་ཏང་གི་ཀྲུའུ་ཞི་གཞོན་པ། གྲོས་ཞུགས་ཁང་གི་ཀྲུའུ་ཞི་སེ་ཁྲུན་ལ་ཐུག་འཕྲད་བྱས་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁམ་ཕུ་ཁྲེ་མི་དམངས་ཏང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཟླ་དགུ་བའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཁམ་ཕུ་ཁྲེ་ལ་དངོས་གཞིའི་འཚམས་འདྲི་བྱས། ཅིན་པེན་ནས་མི་དམངས་ཏང་ཀྱི་ཀྲུའུ་ཞི། སྲི་གཞུང་གི་དབུ་བཞུགས་བློན་ཆེན་ཧུང་སིན་དང་རྒྱལ་ཁབ་ཀྱི་མགོ་གཙོ་ཚབ་མ། མི་དམངས་ཏང་གི་ཀྲུའུ་ཞི་གཞོན་པ། གྲོས་ཞུགས་ཁང་གི་ཀྲུའུ་ཞི་སེ་ཁྲུན་གཉིས་ལ་སོ་སོར་ཐུག་འཕྲད་བྱས།

ཧུང་སིན་ལ་ཐུག་འཕྲད་བྱེད་སྐབས། ལིག་ཡུན་ཧྲན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ནི་མིང་དོན་མཚུངས་པའི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། སྤུན་ཟླ་བཟང་བོ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་ཧུང་སིན་གཉིས་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ནས། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་རང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཧུང་སིན་གྱིས་ལིག་ཡུན་ཧྲན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྡུ་རྒྱུའི་སྔོན་དག་དག་ལ་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཁམ་ཕུ་ཁྲེ་ལ་འཚམས་འདྲི་ཡོང་བར་གཟེངས་བསྟོད་ཆེན་པོ་དང་སེམས་གཏིང་ནས་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་ལེགས་གྲུབ་བྱུང་བར་སྨོན་འདུན་ཞུས། ཧུང་སིན་གྱིས་ཁམ་ཕུ་ཁྲེ་དང་ཀྲུང་གོ་གཉིས་བར་སྲོལ་རྒྱུན་མཛའ་བཤེས་ལྡན་ལ། ཁམ་ཕུ་ཁྲེ་དང་ཀྲུང་གོ་བར་གྱི་མཛའ་མཐུན་འབྲེལ་བར་གཙིགས་འཛིན་བྱེད་པ་དེ་ནི་ལོ་རྒྱུས་རྒྱུན་འཛིན་བྱས་པར་མ་ཟད། དུས་རབས་ཀྱི་དགོས་མཁོ་ཡང་ཡིན་པས། ཕྱོགས་གཉིས་ཀྱིས་རང་ཉིད་འཕེལ་རྒྱས་དང་ཐུགས་ཁུར་བྱེད་བཞིན་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་བར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་དམངས་ཚིས། ལས་གཞི་ཆེན་པོ་བཅས་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ཇེ་དམ་དུ་བཏང་སྟེ། ཁམ་ཕུ་ཁྲེ་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

ཐུག་འཕྲད་བྱས་རྗེས། ལིག་ཡུན་ཧྲན་དང་ཧུང་སིན་གཉིས་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་འགོད་པའི་མཛད་སྒོར་ཞུགས།

སེ་ཁྲུན་ལ་ཐུག་འཕྲད་བྱེད་སྐབས། ལིག་ཡུན་ཧྲན་གྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་དུ་དར་རྒྱས་གོང་འཕེལ་དུ་བཏང་སྟེ། ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་བརྟན་པོ་འདིང་བ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ཀྱི་ལས་དབང་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

སེ་ཁྲུན་གྱིས་རྒྱལ་བོ་ཞི་ཧ་མའོ་ཉིའི་ཚབ་བྱས་ཏེ་ལིག་ཡུན་ཧྲན་ཁམ་ཕུ་ཁྲེར་འཚམས་འདྲི་ཡོང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་ཐག་པ་ནས་བཀའ་འདྲི་ཞུས། སེ་ཁྲུན་གྱིས་བཤད་རྒྱུར། མི་དམངས་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་བར་གྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།