ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་འགྲོ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་འཐུས་ཚབ་ཚོགས་པས་དབྱི་ཐ་ལི་དང་ཅེ་ཁེ། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་འགྲོ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་འཐུས་ཚབ་ཚོགས་པས་ཉེ་ལམ་དབྱི་ཐ་ལི་དང་ཅེ་ཁེ། དབྱིན་ཇི་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། རྒྱལ་ཁབ་གསུམ་གྱི་གྲོས་ཁང་གི་འགན་འཁུར་བ་དང་སྲིད་གཞུང་ཕྱི་འབྲེལ་དང་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་འགན་འཁུར་བ། འབྲེལ་ཡོད་རིག་མཛོད་དང་སྲིད་གཞུང་མ་ཡིན་པའི་ཆེད་མཁས་པ་དང་ཤེས་ཡོན་ཅན་བཅས་ལ་ཐུག་འཕྲད་བྱས། འཐུས་ཚབ་ཚོགས་པས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུའི་རིང་དང་ལྷག་པར་དུ་འདས་པའི་ལོ་ལྔའི་རིང་ལ། ཀྲུང་གོ་འགྲོ་མིའི་ཐོབ་ཐང་ལས་དོན་ཐད་ནས་བླངས་བའི་གྲུབ་འབྲས་མཚམས་སྦྱོར་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་མིའི་ཐོབ་ཐང་ལྟ་བ་རྒྱས་བཤད་བྱས་པ་དང་ཀྲུང་གོས་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་པའི་སྐོར་གྱི་གཞི་རྩའི་ལངས་ཕྱོགས་དང་འདོད་ཚུལ་གསལ་བཤད་བྱས། རྒྱལ་ཁབ་གསུམ་གྱི་མི་སྣས་ཀྲུང་གོས་གྲོས་མགོ་བཏོན་པའི་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་དང་རྒྱལ་གཅིག་ལམ་གཅིག་འཛུགས་སྐྲུན་ལ་གདེང་འཇོག་ཆེན་པོ་གནང་བ་དང་། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་དང་འགྲོ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་ནུས་པ་ཆེན་པོ་བཏོན་པར་གཟེངས་བསྟོད་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།