རང་རྒྱལ་གྱི་ཚད་རྡུལ་འཕྲིན་གཏོང་ལག་རྩལ་གོ་ལ་ཧྲིལ་པོའི་སྔོན་ཐོན་གནས་བབ་ཏུ་སླེབས་པ།

མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཆ་འཕྲིན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲུའུ་ཡུས་ཀྱིས་ཉེ་བའི་ལོ་ཤས་རིང“ཚད་རྡུལ་སྲུང་སྐར”དང“པེ་ཅིང་ནས་ཧྲང་ཧའེ་བར་གྱི་དྲ་སྐུད་ཨ་མ”སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པ་དང་སྦྲགས་ཡུལ་དེ་གའི་ཁེ་ལས་དེ་བས་མང་བ་ཚད་རྡུལ་འཕྲིན་གཏོང་ཁྱབ་ཁོངས་སུ་ཞུགས་ཏེ་ཚད་རྡུལ་འཕྲིན་གཏོང་ཐོན་ལས་འཁོར་རྒྱ་ཞིག་རིམ་བཞིན་ཆགས་ཡོད། མིག་སྔར་རང་རྒྱལ་གྱི་ཚད་རྡུལ་འཕྲིན་གཏོང་ལག་རྩལ་གོ་ལ་ཧྲིལ་པོའི་སྔོན་ཐོན་གནས་བབ་ཐོག་སླེབས་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད།

བཟོ་འཕྲིན་པུའི་ཆ་འཕྲིན་འཕྲིན་གཏོང་འཕེལ་རྒྱས་སིའི་སི་ཀྲང་ཝུན་ཁུའུ་ཡིས་ཉེ་ཆར་སྤེལ་བའི་ཀྲུང་གོའི་ཚད་རྡུལ་འཕྲིན་གཏོང་དྲ་རྒྱ་དང་བཀོལ་སྤྱོད་གླེང་སྟེགས་ཐོག་འབྱུང་འགྱུར་རྒྱལ་ཁབ་ཀྱི་ཚན་རྩལ་འགྲན་རྩོད་དང་། གསར་དར་ཐོན་ལས་སྐྱེད་སྲིང་། རྒྱལ་སྲུང་དང་དཔལ་འབྱོར་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་ཚད་རྡུལ་འཕྲིན་གཏོང་ལ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང་རང་རྒྱལ་སྲིད་གཞུང་གིས་ཚད་རྡུལ་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་དང་བཀོལ་སྤྱོད་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་བཤད།

ཝུན་ཁུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་འཐབ་ཇུས་འཆར་འགོད་ཁྲིད་སྟོན་དང་ཐོན་ལས་ལས་རིགས་ཀྱི་ཐུན་མོང་འབད་འཐབ་འོག་ཚད་རྡུལ་འཕྲིན་གཏོང་ཁྱབ་ཁོངས་སུ་རང་རྒྱལ་ལ་གྲུབ་འབྲས་གལ་ཆེན་ཁག་གཅིག་ཐོབ་པ་སྟེ། 2016ལོའི་ཟླ་བརྒྱད་པར་རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་ཚད་རྡུལ་ཚན་རིག་ཚོད་ལྟའི་སྲུང་སྐར་ཐོག་མ“མོའུ་ཙེ་རྟགས་ཅན”འཕེན་གཏོང་ལམ་ལྷོངས་བྱུང་བ་དང་འབྲེལ་ཚན་རིག་ཚོད་ལྟའི་དམིགས་ཚད་མང་པོ་ཞིག་ལེགས་གྲུབ་བྱུང་བ་དང་། 2016ལོའི་ཟླ་བཅུ་གཅིག་པར་ཚད་རྡུལ་གསང་སྲུང་གི་འཕྲིན་གཏོང་དྲ་སྐུད་ཨ་མ་སྟེ། “པེ་ཅིང་ནས་ཧྲང་ཧའེ་བར་གྱི་དྲ་སྐུད”བདེ་བླག་ངང་ཤར་གཏོང་ཐུབ་པ། 2017ལོའི་ཟླ་དྲུག་པར་ཀྲུང་གོ་འཕྲིན་གཏོང་ཚད་ལྡན་ཅན་མཐུན་ཚོགས་སུ་ཚད་རྡུལ་འཕྲིན་གཏོང་དང་ཆ་འཕྲིན་ལག་རྩལ་གྱི་ཆེད་བཙུགས་ལས་འགན་ཚོགས་ཆུང་བཙུགས་ནས་རྒྱལ་ཁབ་ཚད་གཞིའི་ཞིབ་འཇུག་ལས་དོན་སྤེལ་འགོ་བཙུགས་པ་བཅས་རེད།

ཀྲུང་གོ་ཚན་རིག་ཁང་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཚད་རྡུལ་དྲ་རྒྱ་ཀུང་སིའི་ཏུང་ཧྲི་ཀྲང་ཝུའུ་གཡོན་པིན་གྱིས་ཚད་རྡུལ་འཕྲིན་གཏོང་ཁྱབ་ཁོངས་སུ་རང་རྒྱལ་འཛམ་གླིང་གི་སྔོན་ཐོན་གནས་བབ་ཏུ་སླེབས་པ་དེ་རྒྱལ་ཁབ་ཀྱི་དེང་བརྒལ་གྱི་བཀོད་སྒྲིག་དང་སྤྱི་འདོམས་བཀོད་སྒྲིག་དང་འབྲེལ་བ་ཟབ་མོ་ཡོད། “འབྱུང་འགྱུར་ཚད་རྡུལ་འཕྲིན་གཏོང་ཉིད་རྒྱལ་ཁབ་ཀྱི་འཐབ་ཇུས་བདེ་འཇགས་སྲུང་སྐྱོང་དང་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་པའི་ལག་རྩལ་གསར་གཏོད་གལ་ཆེན་དུ་འགྱུར་རེ་ཡོད་པས། མདུན་ལམ་ཡངས་བ་དང་ཁྲོམ་རའི་གཞི་ཁྱོན་ཧ་ཅང་ཆེ་ལ་ཤུགས་རྐྱེན་ཡང་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་བཤད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།