ཀྲུང་གོ་བོད་ཀྱི་དྲ་བ།

​2017ལོའི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་སྐོར་གྱི་མཐོ་རིམ་གླེང་སྟེགས་ཀྱི་སློབ་གསོའི་དབུལ་སྐྱོར་གླེང་སྟེགས་འཚོགས་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཟླ10ཚེས9ཉིན། “2016ལོར་ཤར་ནུབ་འབྲིང་རིམ་ལས་རིགས་སློབ་བསྡུའི་མཉམ་ལས་མཐའ་སྐྱོང་བྱ་སྤྱོད་ཀྱི་མཉམ་ལས་སློབ་གཉེར་གྱི་ཞིང་ཆེན་བརྒལ་བའི་སློབ་བསྡུའི་གཞི་ཁྱོན་མི་ཁྲི31.9ཟིན་པ་རྣམས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)20ཡི་སློབ་གྲྭ་2000ལྷག་ལ་ཁྱབ་ཡོད་པ་དང་། འབྲིང་རིམ་ལས་རིགས་སློབ་གསོས་གྲོང་གསེབ་ཀྱི་སློབ་མ་དང་། ཞིང་འབྲེལ་ཆེད་ལས་སློབ་མ། ཁྱིམ་ཚང་གི་དཔལ་འབྱོར་འཁོས་ཀ་ཞན་པའི་སློབ་མ་བཅས་ལ་སློབ་ཡོན་རྩ་ཆག་བཏང་བ། ‘སློབ་གཉེར་ཕུགས་འདུན་གྲུབ་པའི་བྱ་སྤྱོད’ཀྱི་འཆར་གཞིའི་ནང་ཞིང་པ་ལས་མི་ཁྲི་150ལ་སློབ་རྒྱུས་རྒྱུན་མཐུད་སློབ་གསོ་དང་ལེན་བྱེད་རོགས་བྱ་རྒྱུ་རེད”ཅེས་ཚེས9ཉིན་འཚོགས་པའི2017ལོའི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་སྐོར་གྱི་མཐོ་རིམ་གླེང་སྟེགས་ཀྱི་སློབ་གསོའི་དབུལ་སྐྱོར་གླེང་སྟེགས་ཐོག་སློབ་གསོ་པུའི་འགན་འཁུར་བས་ཉེ་བའི་ལོ་ཤས་རིང་གི་ལས་རིགས་སློབ་གསོའི་དབུལ་སྐྱོར་ལ་ཐོབ་པའི་འཕེལ་རིམ་གལ་ཆེན་ངོ་སྤྲོད་བྱས་པ་རེད།

“སློབ་གསོ་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ”ཐུབ་པ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་སློབ་གསོར་སྤྲད་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། ལས་རིགས་སློབ་གསོའི་དབུལ་སྐྱོར་ནི་ཕན་འབྲས་ཐོན་མགྱོགས་ཤོས་དང་མངོན་གསལ་དོད་ཤོས་ཀྱི་དབུལ་སྐྱོར་བྱ་ཐབས་ཤིག་རེད། ད་ཐེངས་ཀྱི་གླེང་སྟེགས་ཐོག“ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱིས། དབུལ་སྒྲོལ་འགག་སྒྲོལ་བྱེད་རོགས་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། ལས་རིགས་སློབ་གསོའི་དབུལ་སྐྱོར་ལས་དོན་གྱི་ཕན་འབྲས་དང་། གྲུབ་འབྲས་ཐོབ་པའི་ཉམས་མྱོང་། དཔེ་མཚོན་གྱི་བྱ་ཐབས་བཅས་ལ་སྤེལ་རེས་དང་ཞིབ་བསྡུར་གཏིང་ཟབ་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་ལས་རིགས་སློབ་གསོའི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་ཕྱིར། གོམ་སྟབས་རྗེས་མར་ཕྱོགས་བཞིའི་ཐད་ཀྱི་ལས་དོན་ཁག་གཙོ་གནད་བསྒྲུབ་རྒྱུ་ཡིན་པ་སྟེ། གཅིག་ནས་གནད་སྨིན་དམག་འཐབ་ཡག་པོ་བརྒྱབ་སྟེ་གཱ་དང་ཡིག་ཚགས་བཟོས་པའི་སློབ་ལོ་ལོན་པའི་དུས་མཚམས་ཁག་གི་མི་འབོར་གྱི་གཞི་གྲངས་ལ་དཔྱད་ཞིབ་གནད་ལ་འཁེལ་པོ་བྱེད་པ་དང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ལས་རིགས་སློབ་གསོ་དང་ལས་རིགས་གསོ་སྦྱོང་གི་སྲིད་ཇུས་རིགས་ཕྱེ་ནས་ལག་ལེན་བསྟར་རྒྱུ་ཡིན་པ་དང་། གཉིས་ནས་རྨང་གཞིའི་དམག་འཐབ་ཡག་པོ་བརྒྱབ་སྟེ། ས་ཁུལ་རིམ་པའི་གྲོང་ཁྱེར་ཁག་ཏུ་ཉུང་མཐར་ཡང་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཚམ་པའི་འབྲིང་རིམ་ལས་རིགས་སློབ་གྲྭ་གཅིག་འཛུགས་རྒྱུ་ཡིན་པ། གསུམ་ནས་མཉམ་ལས་དམག་འཐབ་ཡག་པོ་བརྒྱབ་སྟེ། ཤར་ནུབ་རྒྱུད་ཀྱི་ལས་རིགས་སློབ་གསོའི་ཚོགས་པ་དང་ལས་རིགས་སློབ་གྲྭར་ཁ་གཏད་རོགས་སྐྱོར་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ། བཞི་ནས་ལས་ཞུགས་དམག་འཐབ་ཡག་པོ་བརྒྱབ་སྟེ། མངགས་ཐོའི་རྣམ་པ་དང་དགེ་ཕྲུག་ལམ་ལུགས་སོགས་སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་གྱིས་གསོ་སྐྱོང་རིགས་ཀྱི་ལས་རིགས་སློབ་གསོར་སྔོན་དུ་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོ་བསྡུ་རྒྱུ་བཅས་ཡིན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།