མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་གཏམ་བརྗོད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནི་ཟླ10ཚེས17ཉིན་གྱི་ཆུ་ཚོད16:30ཐོག་མི་དམངས་ཚོགས་ཁང་ཆེ་མོ་ནས་སྤེལ་རྒྱུ་ཡིན་ལ། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལ་ཞུགས་པའི་གསར་འགོད་པ་ཚོ་བསྟུད་མར་གསར་འགྱུར་ལྟེ་གནས་སུ་ཕྱིན་ཏེ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཡི་གདན་ཞུའི་ཡི་གེ་ལེན་བཞིན་ཡོད་པ་རེད།