ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་མོལ་གྲོས་ཚོགས་སུ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

e068893aabd037ff034d0d0b68ef3323.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་ནན་ཞན་ཀང་ནས་བསྡུས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགོ་ཁྲིད་པའི་གྲོས་མོལ་གྲོས་ཚོགས་སུ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་བཅུ་ཉིན་ཡོ་ནན་ཞན་ཀང་ནས་བསྡུས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགོ་ཁྲིད་པའི་གྲོས་མོལ་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སུ་ཞུགས་པའི་འགོ་ཁྲིད་པས་མཉམ་ལས་བྱས་ནས་ནུས་ཤུགས་གསར་བ་སྔོག་འདོན་བྱེད་པ་དང་། ཁྱོན་ཡོངས་ནས་འབྲེལ་འདྲིས་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གཞི་གཅིག་ཅན་དུ་སྒྱུར་དགོས་ཞེས་པའི་གྲོས་དོན་ལ་དམིགས་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཉམ་ལས་ལ་མཉམ་དུ་གྲོས་བསྡུར་བྱས།   

ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཉམ་ལས་ཐད་ནས་གྲོས་གཞི་འགན་བཏོན་པ་སྟེ། གཅིག་ནི་ས་ཁོངས་གཞི་གཅིག་ཅན་དུ་སྒྱུར་བར་མཉམ་དུ་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནི་མཉམ་སྦྲེལ་མཉམ་མཐུད་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པ། གསུམ་ནི་བཟོད་སྒོམ་དང་རྒྱུན་མཐུད་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པ་བཅས་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།