ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་གསོལ་སྟོན་ཚོགས་འདུ་བསྡུས་ཏེ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་ལྕམ་མོ་མེ་ལ་ཉི་ཡ་གཉིས་ཀར་བསུ་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་ཚེས་དགུ་ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསོལ་སྟོན་ཚོགས་འདུ་བསྡུས་ཏེ། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་ལྕམ་མོ་མེ་ལ་ཉི་ཡ་གཉིས་ཀར་བསུ་མ་བྱས། ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཀྲང་ཀའོ་ལིས། ལིས་ཀྲན་ཧྲུའུ། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ལིའུ་ཡུན་ཧྲན། ཝང་ཆི་ཧྲན་བཅས་གསོལ་སྟོན་ཚོགས་འདུར་ཞུགས།

གསོལ་སྟོན་ཚོགས་འདུའི་སྟེང་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་གསུངས་རྒྱུར། ད་ཐེངས་ཙུང་ཐུང་ཐི་ལང་ཕུའུ་ཀྲུང་གོར་འཚམས་འདྲིར་ཡོང་བར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན། ཉིན་གཉིས་ཀྱི་ནང་དུ་བདག་དང་ཙུང་ཐུང་ཐི་ལང་ཕུའུ་གཉིས་ཀྱིས་མཉམ་དུ་མ་འོངས་པའི་དུས་སྐབས་ཤིག་གི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ཐད་ལ་རླབས་ཆེན་ཇུས་གཞི་བཀོད། ང་ཚོས་གཅིག་གྱུར་སྒོས་བལྟས་ན། ཀྲུང་གོ་དང་ཨ་མེ་རི་ཁ་གྲོགས་པོར་འགྱུར་སྲིད་པ་ལས་འགྲན་ཡ་རུ་འགྱུར་མི་སྲིད་པ་དང་། རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཕན་པའི་དོན་ཆེན་གང་མང་ཐད་ནས་མཉམ་ལས་བཟང་བོ་བྱེད་དགོས་པར་སྙམ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་མདུན་དུ་ལྷགས་པའི་འགྲན་རྩོད་ལ་ཚད་ཡོད་པ་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ལ་ཚད་མེད་ལ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྙིང་སྟོབས་ལ་དམིགས་ན་ད་གཟོད་ང་ཚོས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་ཐུབ་པ་དང་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་མིའི་རིགས་ཀྱི་མཛེས་པའི་མ་འོངས་པར་བྱས་རྗེས་གསར་བ་འཇོག་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར།

ཐི་ལང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་མི་དམངས་ཀྱིས་ཀྲུང་གོའི་ཡུན་རིང་བའི་དཔལ་ཡོན་རྒྱུན་འཛིན་བྱེད་པར་བརྩི་འཇོག་བྱེད་བཞིན་ཡོད། ཐེངས་འདིའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་འདིར་ཨ་མེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པར་མ་ཟད་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་འཇོག་པར་བདག་ལ་ཡིད་ཆེས་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།