ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་ཞིང་བ་གསར་བ་དང་ལག་རྩལ་གསར་བའི་ལས་སྐྲུན་གསར་གཏོད་ཚོགས་ཆེན་ཐེངས་དང་པོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

cf81c5b98eaeabdf235a84544d14f494.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། ཞིང་བ་གསར་བ་དང་ལག་རྩལ་གསར་བའི་ལས་སྐྲུན་གསར་གཏོད་ཚོགས་ཆེན་ཐེངས་དང་པོ་ཅང་སུའུ་ཞིང་ཆེན་གྱི་སུའུ་ཀྲིག་གྲོང་ཁྱེར་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་ཚོགས་ཆེན་སྟེང་ཞུགས་པར་མ་ཟད་གསུང་བཤད་གནང་། པར་འདི་ནི་ཚོགས་ཆེན་གྱི་སྔོན་ལ། ཝང་དབྱང་གིས་ཞིང་བ་གསར་བ་དང་ལག་རྩལ་གསར་བའི་ལས་སྐྲུན་གསར་གཏོད་ཚོགས་ཆེན་ཐེངས་དང་པོའི་འགྲེམ་སྟོན་ལ་གཟིགས་སྐོར་མཛད།

 c7d4cd6c41089cee8aafa61a25f0a71c.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། ཞིང་བ་གསར་བ་དང་ལག་རྩལ་གསར་བའི་ལས་སྐྲུན་གསར་གཏོད་ཚོགས་ཆེན་ཐེངས་དང་པོ་ཅང་སུའུ་ཞིང་ཆེན་གྱི་སུའུ་ཀྲིག་གྲོང་ཁྱེར་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་ཚོགས་ཆེན་སྟེང་ཞུགས་པར་མ་ཟད་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་བ་གསར་བ་དང་ལག་རྩལ་གསར་བའི་ལས་སྐྲུན་གསར་གཏོད་ཚོགས་ཆེན་ཐེངས་དང་པོ་ཚེས་བཅུ་ཉིན་ཅང་སུའུ་ཞིང་ཆེན་གྱི་སུའུ་ཀྲིག་གྲོང་ཁྱེར་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་ཚོགས་ཆེན་སྟེང་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞིང་བ་གསར་བ་སྐྱེད་སྲིང་བྱེད་པ་དང་། ལག་རྩལ་གསར་བ་ཁྱབ་གདལ་དུ་བཏང་སྟེ། ཞིང་སྡེའི་ལས་སྐྲུན་གསར་གཏོད་ལ་ཡར་སྐུལ་གཏོང་བ་ནི་ཞིང་སྡེ་དར་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། སྒྲིག་གཞི་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུས་ཞིང་སྡེའི་ལས་སྐྲུན་གསར་གཏོད་ཀྱི་ཁོར་ཡུག་བཟང་བོ་སྐྲུན་ཏེ། སྔར་ལས་མང་པོའི་ཤེས་ལྡན་མི་སྣ་ཞིང་ལས་འཕེལ་རྒྱས་དང་ཞིང་སྡེའི་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་སློང་བྱེད་པ་དང་། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྒྱུན་ཆད་མེད་པར་སྟོབས་ཤུགས་གསར་བ་སྣོན་དགོས་ཟེར།

ཝང་དབྱང་གིས་ནན་གྱིས་གསུངས་རྒྱུར། མཉམ་འབྲེལ་དྲ་རྒྱ་དང་གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་བཅས་ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་ཁྲོད་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུ་སྤུས་བསྒྱུར་བཅོས་དང་ཕན་འབྲས་བསྒྱུར་བཅོས། སྐུལ་ཤུགས་བསྒྱུར་བཅོས་བཅས་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། ལས་རིགས་གསར་བའི་ཞིང་བ་སྐྱེད་སྲིང་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུས་རྣམ་པ་གསར་བའི་ཞིང་ལས་ཀྱི་བདག་གཉེར་གཙོ་ཤུགས་སྐྱེད་སྲིང་བྱེད་པ། ཤེས་ཡོན་ཅན་དང་ལག་རྩལ་ཅན། གསར་གཏོད་ཅན་བཅས་ཀྱི་ཞིང་བའི་དཔུང་སྡེ་མྱུར་དུ་འཛུགས་སྐྲུན་བྱས་ནས། ལས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཆེན་གྱི་སྔོན་ལ། ཝང་དབྱང་གིས་ཞིང་བ་གསར་བ་དང་ལག་རྩལ་གསར་བའི་ལས་སྐྲུན་གསར་གཏོད་ཚོགས་ཆེན་ཐེངས་དང་པོའི་འགྲེམ་སྟོན་ལ་གཟིགས་སྐོར་མཛད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།