ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཡོ་ནན་དང་ཀྲུང་གོའི་མཛའ་བཤེས་ཕོ་བྲང་ལས་ནས་ལེགས་འགྲུབ་བྱུང་བ་དང་སྤྲོད་པའི་མཛད་སྒོ་དང་ཧོ་ནེ་ཀྲུང་གོ་རིག་གནས་ལྟེ་གནས་ཀྱི་མིང་བྱང་གི་ཡོལ་རས་ལེན་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ff05dc4499a8563d95e12e593916c68a.jpg

       ཟླ11པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧོ་ནེ་ནས་ཡོ་ན་དང་ཀྲུང་གོའི་མཛའ་བཤེས་ཕོ་བྲང་ལས་ནས་ལེགས་འགྲུབ་བྱུང་བ་དང་སྤྲོད་པའི་མཛད་སྒོ་དང་ཧོ་ནེ་ཀྲུང་གོ་རིག་གནས་ལྟེ་གནས་ཀྱི་མིང་བྱང་གི་ཡོལ་རས་ལེན་པའི་མཛད་སྒོར་ཞུགས། 

 94b1d6db69348258a59a0569c939305f.jpg

ཟླ11པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧོ་ནེ་ནས་ཡོ་ན་དང་ཀྲུང་གོའི་མཛའ་བཤེས་ཕོ་བྲང་ལས་ནས་ལེགས་འགྲུབ་བྱུང་བ་དང་སྤྲོད་པའི་མཛད་སྒོ་དང་ཧོ་ནེ་ཀྲུང་གོ་རིག་གནས་ལྟེ་གནས་ཀྱི་མིང་བྱང་གི་ཡོལ་རས་ལེན་པའི་མཛད་སྒོར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་བཅུ་གཉིས་ཉིན་ཧོ་ནེ་ནས་ཡོ་ན་དང་ཀྲུང་གོའི་མཛའ་བཤེས་ཕོ་བྲང་ལས་ནས་ལེགས་འགྲུབ་བྱུང་བ་དང་སྤྲོད་པའི་མཛད་སྒོ་དང་ཧོ་ནེ་ཀྲུང་གོ་རིག་གནས་ལྟེ་གནས་ཀྱི་མིང་བྱང་ཡོལ་རས་ལེན་པའི་མཛད་སྒོར་ཞུགས།

ཞི་ཅིན་ཕིང་མཛའ་བཤེས་ཕོ་བྲང་དུ་ཐོན་སྐབས། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་འཐུས་མི་དང་ཡོ་ནན་ན་གཞོན་གྱིས་གྲལ་བསྒྲིགས་ཏེ་བསུ་བ་ཞུས། ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲི་ཅིན་དབྱིན་གྱིས་མཛའ་བཤེས་ཕོ་བྲང་གི་སྒོ་ཁ་ནས་ཞི་ཅིན་ཕིང་ལ་བསུ་བ་ཞུས།

ཞི་ཅིན་ཕིང་རོན་ཧྲི་ཅིན་དབྱིན་དང་མཉམ་དུ་མཛའ་སྒོའི་ཡུལ་དངོས་སུ་ཕེབས་ཏེ། ཡོ་ནན་དང་ཀྲུང་གོའི་མཛའ་བཤེས་ཕོ་བྲང་ལས་གྲུབ་སྟེ་སྤྲོད་པའི་མཛད་སྒོ་འགོ་བརྩམས། ཞི་ཅིན་ཕིང་གིས་རོན་ཧྲི་ཅིན་དབྱིན་ལ་མཛའ་བཤེས་ཕོ་བྲང་ལས་གཞིའི་ལྡེ་མིག་སྤྲད་པ་དང་། ཞི་ཅིན་ཕིང་དང་རོན་ཧྲི་ཅིན་དབྱིན་གཉིས་ཀྱིས་མཉམ་དུ་ཀྲུང་གོ་རིག་གནས་ལྟེ་གནས་ཀྱི་མིང་བྱང་གི་ཡོལ་རས་བླངས། ཞི་ཅིན་ཕིང་གིས་རོན་ཧྲི་ཅིན་དབྱིན་དང་མཉམ་དུ་མཛའ་བཤེས་ཕོ་བྲང་ནང་གི་ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་མཛའ་བཤེས་སྒྱུ་རྩལ་འཇིམ་རྐོས་ལ་གཟིགས་པ་དང་། ཟློས་གར་ཁང་ཆེན་མོར་གཟིགས་སྐོར་མཛད།

གཟིགས་སྐོར་མཛད་རྗེས། ཞི་ཅིན་ཕིང་དང་རོན་ཧྲི་ཅིན་དབྱིན་གཉིས་ཀྱིས་ཡུལ་དངོས་སུ་ཡོད་པའི་ཀྲུང་གོ་དང་ཡོ་ནན་གྱི་མཛའ་མཐུན་མི་སྣ་དང་བརྩེ་བའི་ཕྱག་འཇུ་གནང་སྟེ། ཁོ་ཚོས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འགྲོ་འོང་མཉམ་ལས་ལ་ཤུགས་སྣོན་པར་བྱས་རྗེས་བཟང་བོ་འཇོག་དགོས་པའི་སྐུལ་མ་བཏང་།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།