ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

cbcc34f357738435a0702028ed673cf8.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མ་ནི་ལ་ནས་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ལ་མཇལ་འཕྲད་གནང།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་ཚེས་བཅུ་གསུམ་ཉིན་གྱི་ཉིན་གོང་མ་ནི་ལ་ནས་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་ནན་གཉིས་ནི་མཛའ་མཐུན་ཁྱིམ་མཚེས་དང་གྲོགས་པོ་བཟང་བོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕན་འབྲས་ལྡན་པའི་ངང་ཡོ་ནན་ལ་འཚམས་འདྲི་མཛད་དེ། ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་འདྲིས་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། མཚོ་ཐོག་དང་སྐམ་ས། དངུལ་ལོར་བཅས་ཕྱོགས་ཀྱི་མཉམ་ལས་མཉམ་དུ་འཛིན་པའི་རྩ་དོན་ལྟར། རྒྱུད་གཅིག་ལམ་གཅིག་དང་ཡོ་ནན་ཀྱི་འཕེལ་རྒྱས་འཐབ་ཇུས་གཉིས་མྱུར་དུ་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་དར་སྤེལ་དང་ཉོ་ཚོང་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་ཐོག་མའི་བྱེད་ཕྱོགས་སུ་བརྩིས་ནས། ཆུ་ཚད་སྔར་ལས་མཐོ་བའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་འདོད་ཡོད་པས། མཉམ་དུ་ས་ཁོངས་མཉམ་ལས་ལ་དམིགས་པ་དང་། ས་ཁུལ་གྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་བརྡ་འཕྲིན་བཟང་བོ་གཏོང་བར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རྒྱལ་ཁབ་དང་རྒྱ་མཚོ་ལྷོ་མའི་འགུལ་སྐྱོད་ཚད་ལྡན་དུ་གཏོང་བའི་ཐད་ནས་མུ་མཐུད་དུ་གྲོས་མོལ་བྱས་ཏེ། རྒྱ་མཚོ་ལྷོ་མ་དེ་ཞི་བདེ་དང་མཛའ་མཐུན། མཉམ་ལས་བཅས་ཀྱི་རྒྱ་མཚོར་སྒྱུར་འདོད་ཡོད་ཟེར།

རོན་ཁྲུན་ཧྥུའུ་ཡིས་བཤད་རྒྱུར། ཡོ་ནན་ཕྱོགས་ཀྱིས་ཡོ་ནན་དང་ཀྲུང་གོ་བར་གྱི་མཛའ་མཐུན་མུ་མཐུད་སྐྱེད་སྲིང་བཟང་བོ་བྱས་ནས། འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་དང་ཐོན་ནུས། འགྲིམ་འགྲུལ་སྐྱེལ་འདྲེན། དཔལ་འབྱོར་ཉོ་ཚོང་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་བར་རྒྱ་མཚོ་ལྷོ་མའི་འགུལ་སྐྱོད་ཚད་གཞིའི་སྤྱི་ཁོག་ལ་གཅིག་མཐུན་བྱུང་བར་ཆེས་མཐོའི་གདེང་འཇོག་བྱས་པར་མ་ཟད། རྒྱ་མཚོ་ལྷོ་མའི་ཞི་བདེ་དང་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།