ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལའོ་ཝུའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平会见老挝国会主席巴妮 1.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བན་ཞང་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་ལའོ་ཝུའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉི་ལ་མཇལ་འཕྲད་གནང།

习近平会见老挝国会主席巴妮 2.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བན་ཞང་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་ལའོ་ཝུའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉི་ལ་མཇལ་འཕྲད་གནང།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བཞི་ཉིན་བན་ཞང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་ལའོ་ཝུའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝུའོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ལའོ་ཝུའོ་ཕྱོགས་དང་ཡུན་རིང་བརྟན་འཇགས་དང་ཁྱིམ་མཚེས་མཛའ་མཐུན། ཕན་ཚུན་ཡིད་ཆེས། ཁྱོན་ཡོངས་ནས་མཉམ་ལས་བཅས་བྱེད་པའི་བྱེད་ཕྱོགས་དང་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། བློ་མཐུན་བཟང་བོ་བཅས་ཀྱི་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། ཐེངས་འདིའི་འཚམས་འདྲིའི་སྐབས་སུ་ཀྲུང་གོ་དང་ལའོ་ཝུའོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བར་གྲོས་མཐུན་བྱུང་བའི་དུས་སྐབས་གསར་བར་ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ནས། ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ལའོ་ཝུའོ་རྒྱལ་ཚོགས་ཀྱིས་ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བྱས་རྗེས་བཞག་པར་གདང་འཇོག་གང་ལེགས་མཛད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་པ་དང་། ཁ་གཏོད་ལས་ཁུངས་དང་ས་གནས་གྲོས་ཁང་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་དང་ཁྱོན་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྟོབས་ཤུགས་གསར་བ་འབུལ་དགོས་པའི་རེ་བ་བཏོན།

པ་ཉི་ཡིས་བཤད་རྒྱུར། ལའོ་ཝུའོ་རྒྱལ་ཚོགས་ཀྱིས་ཐེངས་འདིར་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་དང་གྲུབ་འབྲས་ལག་ལེན་མཐར་ཕྱིན་བྱེད་པར་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ་དང་། ལའོ་ཝུའོ་དང་ཀྲུང་གོ་གཉིས་ཀྱི་ཡུན་རིང་བརྟན་འཇགས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་རྒྱུ་མ་ཟད། ལའོ་ཝུའོ་རྒྱལ་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

ཏིན་ཞའོ་ཞང་དང་ལིག་ཧི། དབྱང་ཅེ་ཁྲི་བཅས་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང། ལའོ་ཝུའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཞོར་དུ་རྒྱལ་ཚོགས་ཀྱི་ལའོ་ཝུའོ་དང་ཀྲུང་གོ་མཛའ་མཐུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་མཁན་ཞི་སེ་སོགས་མཇལ་འཕྲད་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།