ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་བཅད་ལྟར་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ས་ལི་མན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་དྲུག་ཉིན་དུས་བཅད་ལྟར་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ས་ལི་མན་ལ་ཁ་པར་བཏང་།

ས་ལི་མན་གྱིས་ཐོག་མར་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བ་དང་ཞི་ཅིན་ཕིང་ཡང་བསྐྱར་ཀྲུང་གོ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་ལྷག་བསམ་རྣམ་དག་སྒོས་རྟེན་འབྲེལ་ཞུས། ས་ལི་མན་གྱིས་བཤད་རྒྱུར། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་མཉམ་དུ་སྣེ་ཁྲིད་བྱས་འོག སོ་ཏི་ཨ་རབ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་སྲིད། སོ་ཏི་ཨ་རབ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་ཀྲུང་གོའི་མཐོ་རིམ་མཉམ་ལས་ཨུ་ཡོན་ལྷན་ཁང་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སོ་ཏི་ཨ་རབ་ཀྱི་2030ལོའི་དམིགས་འབེན་དང་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་གཉིས་འབྲེལ་འདྲིས་བཟང་བོ་བྱས་ནས། ནུས་ཁུངས་དང་དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། སོ་ཏི་ཨ་རབ་མཚོ་འགག་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་གྲོགས་པོ་གལ་ཆེན་ཞིག་ཏུ་འགྱུར་འདོད་ཡོད་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སོ་ཏི་ཨ་རབ་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་དང་གཏིང་ཟབ་ཏུ་སྤེལ་བར་འབད་བརྩོན་བྱེད་རྒྱུ་དང་། དེ་ང་ཚོ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་ལ། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ཐད་ལའང་ཕན་པ་ཡོད་ཟེར།

ཞི་ཅིན་ཕིང་གིས་ས་ལི་མན་གྱིས་རྟེན་འབྲེལ་ཞུས་པར་བཀའ་དྲིན་ཞུས། ཁོང་གིས་གསུངས་རྒྱུར། ཅུང་མ་འགོར་བའི་སྔོན་གྲོལ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་ཀྲུང་གོ་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་གཏན་འཁེལ་བྱས་ནས། ཀྲུང་གོ་དེང་རབས་ཅན་གྱི་འཛུགས་སྐྲུན་ཐད་ལ་འཐབ་ཇུས་བཀོད་སྒྲིག་བྱས། ང་ཚོར་ཀྲུང་གོ་མི་དམངས་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་བླ་མེད་དམིགས་འབེན་མངོན་འགྱུར་བྱེད་པར་ཡིད་ཆེད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་སོ་ཏི་ཨ་རབ་གཉིས་ཀྱི་འགོ་གཙོ་བར་གྱི་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་པ་ཧ་ཅང་གལ་ཆེ། ཀྲུང་གོ་དང་སོ་ཏི་ཨ་རབ་གཉིས་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་ལ། འཐབ་ཇུས་ཡིད་ཆེས་དང་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་བར་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཆོད་སེམས་ནམ་ཡང་འགྱུར་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་དང་། འཕེལ་རྒྱས་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་པའི་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་དང་སོ་ཏི་ཨ་རབ་ཀྱི་2030ལོའི་དམིགས་འབེན་འཐབ་ཇུས་གཉིས་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མཉམ་ལས་ཨུ་ཡོན་ལྷན་ཁང་བརྒྱུད་དེ་ཁྱབ་ཁོངས་སོ་སོའི་མཉམ་ལས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཀྲུང་གོ་དང་སོ་ཏི་ཨ་རབ་གཉིས་ཀྱི་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ས་ཁུལ་གྱི་རྒྱལ་ཁབ་གཞན་པའི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་སྐྲུན་པར་བྱེད་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ད་རུང་ཐུན་མོང་གི་སེམས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལ་བསམ་འཆར་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།