ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕིང་གིས་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་འགོ་འཛིན་མཛད་དེ་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་གསུངས་རྒྱུར། འདས་པའི་ལོ་འགའི་རིང་ལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བའི་སྟེང་བཅོས་སྒྱུར་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་འབད་བརྩོན་བྱེད་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དེའི་ཁྲོད་ཚུད་པའི་བཅོས་སྒྱུར་གྱི་སྙིང་སྟོབས་དང་བཅོས་སྒྱུར་གྱི་བཀོད་སྒྲིག བཅོས་སྒྱུར་གྱི་རེ་བ་བཅས་ཁོང་དུ་ཆུད་པར་བྱས་ནས། མུ་མཐུད་དུ་འཚོལ་ཞིབ་དང་འབད་འཐབ་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ལིས་ཁི་ཆང་དང་ཀྲང་ཀའོ་ལིས། ཝང་དབྱང། ཝང་ཧུང་ཉིང་བཅས་གྲོས་ཚོགས་སུ་ཞུགས།

ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་ཡར་ཞུ་བྱེད་པའི་ལམ་ལུགས་འཛུགས་པའི་སྐོར་གྱི་བསམ་འཆར་དང་། དབུལ་ཕོངས་ས་ཁུལ་དུ་སྡོད་པའི་བྱ་བའི་རུ་ཁག་མངག་པའི་དོ་དམ་བྱ་བར་གཙིགས་འཛིན་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར། ཞིང་སྡེའི་མི་འདུས་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པའི་ལོ་གསུམ་འགུལ་སྐྱོད་འཆར་གཞི། དུས་རབས་གསར་བའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་དང་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་བསམ་འཆར། ཀྲུང་དབྱང་གུང་གཞོན་ཚོགས་པའི་སློབ་གྲྭའི་བཅོས་སྒྱུར་ཇུས་གཞི། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། བཅོས་སྒྱུར་བྱ་བ་བློ་བརྟན་འགྱུར་མེད་སྒོས་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བྱ་བའི་བསམ་འཆར། ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འགོ་ཁྲིད་ཚན་ཆུང་གི་བྱ་བའི་སྤྱི་བསྡོམས། ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འགོ་ཁྲིད་ཚན་ཆུང་གི་བྱ་བའི་སྲོལ་ཡིག་བཟོ་བཅོས་མ་ཡིག ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འགོ་ཁྲིད་ཚན་ཆུང་གི་ཆེད་དོན་ཚན་ཆུང་གི་བྱ་བའི་སྲོལ་ཡིག་བཟོ་བཅོས་མ་ཡིག་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་རུང་ལྟ་ཞིབ་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ་བཅོས་སྒྱུར་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་རེ་བ་གསར་བར་དམིགས་ཏེ། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་ལས་འགན་གསར་བ་གཏན་ལ་ཕབ་པ་་དང་། བྱ་བའི་ཤུགས་ཚད་སྔར་ལས་མཐོ་ཞིང་རེ་བ་སྔར་ལས་ཆེ་བ། བྱེད་ཐབས་སྔར་ལས་གོ་ཆོད་པ་བཅས་ཀྱི་བཅོས་སྒྱུར་ལས་འགན་རབ་དང་རིམ་པ་བཀོད་སྒྲིག་བྱས། དེ་དང་མཉམ་དུ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་བཀོད་སྒྲིག་བྱས་པའི་བཅོས་སྒྱུར་གྱི་ལས་འགན་དངོས་འབེབ་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པས། བཅོས་སྒྱུར་གྱི་ལས་འགན་སྔར་ལས་ཇེ་ལྗིད་དུ་སོང།  ང་ཚོས་དེའི་ཐད་ལ་ངེས་པར་དུ་དཀའ་སྤྱད་འབད་བརྩོན་བྱེད་དགོས་ལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་གཏན་ལ་ཕབ་པའི་བཅོས་སྒྱུར་ལས་འགན་དང་བྱེད་ཐབས་དམ་འཛིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཏན་ལ་ཕབ་པའི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་གཞིར་བཟུང་སྟེ། སྟོབས་ཤུགས་ཡོད་རྒུས་བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་ཇེ་ཆེར་གཏོང་བ་དང་། བྱ་བའི་ཤུགས་ཚད་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ནས། འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཆབ་སྲིད་ཀྱི་འདུ་ཤེས་དང་་ཁྱོན་ཡོངས་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་དགོས་ལ། འགན་འཁྲི་ལག་བསྟར་བྱེད་པར་ཤུགས་སྣོན་པ། རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་འཐབ་ཇུས་བཀོད་སྒྲིག་དེ་ས་ཁུལ་རང་དང་ལས་ཁུངས་རང་གི་བྱ་བའི་ལས་འགན་དུ་སྒྱུར་དགོས། སང་ལོའི་བཅོས་སྒྱུར་བྱ་བ་ཇུས་འགོད་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། ཚད་གཞི་སྔར་ལས་མཐོ་བའི་སྟེང་ནས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་སྟེ། བྱ་སྤྱོད་དངོས་ཀྱིས་བཅོས་སྒྱུར་སྒོ་འབྱེད་ལོ་འཁོར་བཞི་བཅུ་ལོན་པར་བསུ་བ་བྱེད་དགོས་ཟེར།

ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་མི་སྣ་གྲོས་ཚོགས་སུ་ཞུགས། འབྲེལ་ཡོད་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་སྟེང་ཟུར་དུ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།