ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་བཟོ་ཚོང་དམངས་གཙོ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དྲུག་པ་པེ་ཅིན་ནས་ཚོགས་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

268fda191b4fa42315cf40ec289d7101.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། ཀྲུང་གོ་བཟོ་ཚོང་དམངས་གཙོ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དྲུག་པ་པེ་ཅིན་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལེ་ཀྲན་ཧྲུའུ་ཡིས་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད། ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཞུ་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་བཟོ་ཚོང་དམངས་གཙོ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དྲུག་པ་ཚེས་ཉེར་བདུན་ཉིན་པེ་ཅིན་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལེ་ཀྲན་ཧྲུའུ་ཡིས་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད། ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཞུ་ཚིག་ཕུལ།

ཞུ་ཚིག་ནང་བཀོད་དོན། འདས་པའི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་མཛུབ་སྟོན་འོག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་མ་ཟད། འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་ལས་དོན་ཐད་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ལོ་ལྔའི་རིང་ལ། བཟོ་ཚོང་མཉམ་ལས་ཏང་གིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས། སྨན་བཅོས་འཕྲོད་བསྟེན་དང་མི་གྲངས་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག་བཅས་ཁྱབ་ཁོངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་གཙོ་བོར་བཟུང་སྟེ། ཧུར་ཐག་སྒོས་སྲིད་ཞུགས་སྲིད་གྲོས་དང་བློ་འདོན་ཇུས་འབུལ་བྱས་ནས། ཏང་དང་སྲིད་གཞུང་གིས་ཚན་རིག་ལྟར་ཇུས་ཆོད་འགོད་པར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་བཟང་བོ་བཞག་ཡོད།

ཀྲུང་གུང་ཀྲུང་དབྱང་ལ་ཞིང་བཟོ་དམངས་གཙོ་ཏང་གི་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་བརྟན་པོར་བཅངས་ཐུབ་པར་མ་ཟད། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་ཐུབ་ལ། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་དང་སྐྱིད་སྡུག་མཉམ་མྱོང་དང་མཉམ་ལས་དམ་པོ་བྱེད་པའི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བྱས་ནས། དུས་རབས་གསར་བའི་ཀྲུང་གོའི་ཁྱས་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པར་ཡིད་ཆེས་ཡོད་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཅིག་སན་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧན་ཆི་ཏི་ཡིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཞུ་ཚིག་ཕུལ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཞིང་བཟོ་དམངས་གཙོ་ཏང་གི་ཀྲུའུ་ཞི་ཁྲིན་ཀྲུའུ་ཡིས་ཞིང་བཟོ་དམངས་གཙོ་ཏང་གི་སྐབས་བཅོ་ལྔ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།