ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུགས་གསར་ལོ་སར་ལ་ཤིས་ཚིག་ཕུལ་པར་རྒྱལ་ཁབ་སོ་སོའི་ཤེས་ཡོན་ཅན་རྣམས་ཀྱིས་གདེང་འཇོག་ཆེན་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུགས་གསར་ལོ་སར་ལ་ཤིས་ཚིག་ཕུལ་པར་རྒྱལ་ཁབ་སོ་སོའི་ཤེས་ཡོན་ཅན་རྣམས་ཀྱིས་གདེང་འཇོག་ཆེན་ཐོབ།

རྒྱལ་ཁབ་སོ་སོའི་ཤེས་ཡོན་ཅན་རྣམས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུགས་གསར་ལོ་སར་ལ་ཕུལ་བའི་ཤིས་ཚིག་ལ་བལྟས། ཨུ་རུ་སིའི་ཤེས་ཡོན་ཅན་རྣམས་ཀྱིས་ཤིས་ཚིག་ནང་དུ་རི་ལ་ལམ་བཏོད་པ་དང་ཆུ་ལ་ཟམ་པ་འཕངས་ཏེ། བཅོས་སྒྱུར་མཐའ་འཁྱོལ་བྱེད་དགོས་པའི་ནང་དོན་ལ་ཧ་ཅང་ཡིད་འཇོག་བྱེད་ཀྱིན་ཡོད་པ་དང་། དེ་ལས་ཀྲུང་གོ་སྲིད་གཞུང་གིས་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་དང་སྤོབས་པ་མངོན་པར་བྱས་ཡོད་པར་སྙམ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུགས་གསར་ལོ་སར་ལ་ཕུལ་བའི་ཤིས་ཚིག་ནང་དུ་ཀྲུང་གོས་དབུལ་ཐར་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་ཆེན་པོ་བླངས་བ་བཏོན་པར་ཤེས་ཡོན་ཅན་རྣམས་ཀྱིས་ཡིད་སྨོན་བྱེད་ཀྱིན་ཡོད་པ་དང་། དེ་རྒྱལ་ཁབ་གཞན་དག་གིས་དཔྱད་གཞིར་འཛིན་པར་དོན་སྙིང་གལ་ཆེན་ལྡན་པར་སྙམ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།