ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མེ་གོང་ཆུ་བོའི་རྒྱལ་ཁབ་ལྔའི་འགོ་ཁྲིད་མི་སྣ་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ་རྗེས། ལིས་ཁི་ཆང་གིས་མེ་གོང་ཆུ་བོའི་རྒྱལ་ཁབ་ལྔའི་འགོ་ཁྲིད་མི་སྣ་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུང་རྒྱུར། རྫ་ཆུ་དང་མེ་གོང་ཆུ་བོའི་རྒྱལ་ཁབ་དྲུག་གི་ས་ཐག་ཉེ་ཞིང་དང་མི་གཞུང་ཐད་ནས་ཕན་ཚུན་འབྲེལ་ཡོད་ལ། ཆུ་གཅིག་གི་འགོ་རྔ་རུ་ཆགས་ཡོད་པའི་ལས་དབང་ཐུན་མོང་ཚོགས་པ་ཡིན། རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་ནི་འདྲ་མཉམ་དང་བཟོད་སྒོམ། དངོས་གཉེར་ཡིན་ལ། རྐྱེན་སྲོལ་དེ་ཕྱི་མི་ཕྱིར་འབུད་བྱེད་པའི་རྐྱེན་སྲོལ་ཞིག་མིན་པར། རང་ས་ཁུལ་གྱི་རྐྱེན་སྲོལ་གཞན་པ་དང་ཕན་ཚུན་ཁ་གསབ་བྱེད་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་མཉམ་ལས་བར་ཕན་ཚུན་གཞོགས་འདེགས་བྱེད་པའི་རྐྱེན་སྲོལ་ཞིག་ཡིན་པས། ང་ཚོས་མཉམ་ལས་ཁྲོད་ལྷག་པར་དུ་འགུལ་སྐྱོད་དངོས་ཀྱི་སྟེང་ནས་གྲུབ་འབྲས་ལེན་པར་དོ་སྣང་ཆེན་པོ་བྱས་ཡོད། རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་སྤེལ་བའི་ལོ་གཉིས་རིང་། རྒྱལ་ཁབ་དྲུག་གི་མཉམ་ལས་ཐད་ནས་འཕེལ་རྒྱས་ཆེན་པོ་སོང་ཡོད་ལ། ཐེངས་འདིའི་གྲོས་ཚོགས་སྟེང་ཕྱོགས་སོ་སོས་མ་འོངས་པའི་མཉམ་ལས་ཐད་ནས་ཐུན་མོང་ལྟ་བ་གསར་བ་བྱུང་བ་དང་། རྫ་ཆུ་དང་མེ་གོང་ཆུ་བོའི་རྒྱལ་ཁབ་བར་གྱི་མཉམ་ལས་དེ་ལོ་རེ་ནས་ལོ་རེར་ཇེ་བཟང་དུ་སོང་ནས། ས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་ཐུབ་པར་ཡིད་ཆེས་ཆེན་པོ་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་ལ་རྒྱབ་རྟེན་ནས་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་ནི་ཀྲུང་གོས་ས་ཁུལ་གྱི་རྒྱལ་ཁབ་ལ་བཞག་པའི་དམ་བཅའ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཕྱོགས་སོ་སོ་དང་མཉམ་དུ་འབད་འཐབ་བྱས་ཏེ། རྫ་ཆུ་དང་མེ་གོང་ཆུ་བོ་དེ་མཛའ་བརྩེའི་ཆུ་བོ་དང་། མཉམ་ལས་ཀྱི་ཆུ་བོ། དར་རྒྱས་ཀྱི་ཆུ་བོ་ཞིག་ཏུ་གྱུར་བར་བྱེད་འདོད་ཡོད་ཟེར།

ཧོང་སིན་གྱིས་བསྟན་དོན། ཐེངས་འདིའི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐད་ནས་ཡིད་ཚིམ་པའི་གྲུབ་འབྲས་བླངས་པ་དང་། ཀྲུང་གོས་རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་ཐད་ནས་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ང་ཚོས་རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བ་དང་རྒྱ་སྐྱེད་པ་དང་། རྒྱལ་ཁབ་སོ་སོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞི་བདེ་དར་རྒྱས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།