ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཅིག་ཉིན་དུས་བཅད་ལྟར་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་ཁ་པར་བཏང་། ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་ཙུང་ཐུང་ལགས་ཀྱིས་ཅང་མ་འགོར་བའི་སྔོན་ལ་ཀྲུང་གོར་ཕུན་སུམ་ཚོགས་པའི་རྒྱལ་དོན་འཚམས་འདྲི་མཛད་པ་དང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཧན་གོའི་བར་གྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་མཐུན་སྦྱོར་ཤུགས་སྣོན་བྱེད་པར་ལྟ་ཚུལ་གཅིག་མཐུན་བྱུང་སྟེ། ཕན་ཚུན་ལ་ཡིད་ཆེས་དང་མཉམ་ལས་བྱེད་པའི་འབྲེལ་བ་སྔར་ལས་ཇེ་དྲག་ཏུ་བཏང་། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱས་པའི་འཕེལ་རྒྱས་ལ་ཡིད་ཚིམ་ཡོད། ལོ་གསར་བའི་ནང་དུ་ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། དོ་སྣང་བྱེད་པའི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་མཉམ་དུ་ཡར་སྐུལ་གཏོང་འདོད་ཡོད། ཀྲུང་གོས་ཧན་གོ་རྒྱལ་ཁབ་ཀྱིས་ཕེན་ཁྲང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བཟང་བོར་སྒྲུབ་པར་རྒྱབ་སྐྱོར་བྱེད་འདོད་ཡོད་པ་དང་། ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་འཚོགས་པར་སྔོན་འདུན་བཟང་བོ་ཞུ་བཞིན་ཡོད་ཟེར།

ཝུན་ཙེ་དབྱིན་གྱིས་ཀྲུང་གོའི་ཕྱོགས་ཀྱིས་ཁོ་རང་ཉེ་སྔོན་འཚམས་འདྲིར་ཡོང་བའི་སྐབས་སུ་བཀོད་སྒྲིག་འོས་འཚམ་བྱས་པར་ཡང་བསྐྱར་བཀའ་དྲིན་ཆེ་ཞུས་པ་དང་། རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་གནས་བབ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། ལོ་གསར་བའི་ནང་དུ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་རེ་བ་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།