ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཁེ་ཡིས་རྒྱལ་ཁབ་གསར་བཟོ་ལས་རིགས་ཀྱི་གསར་སྐྲུན་ལྟེ་གནས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མཱ་ཁེ་ཡིས་པེ་ཅིན་ནས་རྒྱལ་ཁབ་གསར་བཟོ་ལས་རིགས་ཀྱི་གསར་སྐྲུན་ལྟེ་གནས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད་འགོ་འཛིན་བྱས་ཏེ་རྒྱལ་ཁབ་གསར་བཟོ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བདུན་པ་དང་གསར་སྐྲུན་ལྟེ་གནས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་བསྡུས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཏེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་འཆར་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་ལྟར། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོར་བཟུང་སྟེ་གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་བ་དང་། ཀྲུང་གོའི་གསར་བཟོ་ལས་རིགས་ཀྱི་སྤུས་ཚད་སྒྱུར་བཅོས་དང་ཕན་ནུས་སྒྱུར་བཅོས། སྒུལ་ཤུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ཟེར།

མ་ཁེ་ཡིས་བཤད་རྒྱུར། ཉིས་སྟོང་ཉེར་ལྔ་ལོའི་ཀྲུང་གོའི་གསར་བཟོ་ལག་བསྟར་བྱས་པའི་ཚུན་ལ། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། གསར་བཟོ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་གསར་སྐྲུན་མ་ལག་སྔར་ལས་འཐུས་ཚང་དུ་འགྲོ་བཞིན་ཡོད་ལ། ཚུལ་སྒྱུར་རིམ་འཕར་མངོན་གསལ་སྒོས་ཇེ་མགྱོགས་སུ་སོང་བ་དང་། སྒུལ་ནུས་གསར་བ་མྱུར་དུ་འཕེལ་རྒྱས་སུ་སོང་ཞིང་ཁྱབ་ཁོངས་གཙོ་བོ་ནས་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། གསར་བཟོ་ལས་རིགས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྔར་ལས་ཇེ་ཆེར་སོང་བ་དེས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ལོ་རྒྱུས་རང་བཞིན་གྱི་སྒྱུར་བཅོས་བྱུང་བར་བྱས་རྗེས་ཆེན་པོ་བཞག་ཟེར།

མ་ཁེ་ཡིས་བསྟན་དོན། ལས་ཁུངས་སོ་སོ་དང་ས་གནས་སོ་སོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་གསར་བཟོ་ལས་རིགས་འཕེལ་རྒྱས་ཐད་ལ་བཏོན་པའི་རེ་བ་གསར་བར་ངོས་འཛིན་གསལ་བོ་བྱེད་པ་དང་། གསར་བཟོ་ལས་རིགས་འཕེལ་རྒྱས་ཐད་ལ་རྒྱལ་ཁབ་ཕྱི་ནང་དུ་ཁོར་ཡུག་ལེགས་པོ་བསྐྲུན་པའི་འགྱུར་ལྡོག་གསར་བ་གསལ་བོར་ཤེས་པར་བྱས་ཏེ། འཐབ་ཇུས་གཏན་ཤུགས་སྲུང་འཛིན་བྱེད་པ་དང་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་ནས། ཀྲུང་གོའི་གསར་བཟོ་དེ་ཀྲུང་གོའི་གསར་སྐྲུན་ཕྱོགས་སུ་སྒྱུར་བ་དང་ཀྲུང་གོའི་མྱུར་ཚད་དེ་ཀྲུང་གོའི་སྤུས་ཚད་ཕྱོགས་སུ་སྒྱུར་བ། གསར་བཟོ་རྒྱལ་ཁབ་ཆེན་པོ་དེ་གསར་བཟོ་སྟོབས་ལྡན་རྒྱལ་ཁབ་ཕྱོགས་སུ་སྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་དགོས། གཅིག གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་དགོས། གཉིས། གསར་སྐྲུན་བྱ་བ་དམ་འཛིན་བྱེད་དགོས། གསུམ། མཉམ་བསྲེས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་དགོས། བཞི། ཤེས་ལྡན་མི་སྣའི་འགན་སྲུང་བྱ་བར་ཤུགས་སྣོན་དགོས། ལྔ། མུ་མཐུད་དུ་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།