ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་སྲིད་ཁྲིམས་འཐབ་ཕྱོགས་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད་དུས་རབས་གསར་པའི་སྲིད་ཁྲིམས་བྱ་བར་རེ་བ་བཏོན།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཕྱོགས་གཅིག་ནས་དེང་སྐབས་ཀྱི་བྱ་བ་དམ་འཛིན་བྱས་པ་དང་ཕྱོགས་གཞན་ཞིག་ནས་ཡུན་རིང་ལ་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་སྲུང་སྐྱོབ་བྱེད་པའི་ཁྱོན་ཡོངས་ལ་བྱས་རྗེས་གལ་ཆེན་བཞག་ཟེར།

ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་ཡིས་འཕེལ་རྒྱས་དམ་འཛིན་དང་བརྟན་འཇགས་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲིད་ཁྲིམས་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཁག་གདམ་གསེས་བཟང་བོ་བྱེད་པ་དང་། སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ལ། ཧུར་ཐག་སྒོས་སྲིད་ཁྲིམས་བྱ་བར་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་གནད་དོན་ལ་ཞིབ་འཇུག་བྱས་ཏེ་ཐག་གཅོད་པ་དང་། དུས་རབས་གསར་པའི་སྲིད་ཁྲིམས་བྱ་བ་བཟང་བོར་བསྒྲུབ་པར་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་ཐུགས་རེ་བཏོན།   །
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།