ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ནས། སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a0db67fb015be1dc9ce31cf30069e8a8.jpg

ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱེད་པར་སྤྲོད་རྩིས་ཡོད་པའི་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས་པར་མ་ཟད། སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་ཞིང་ལྗོངས་དང་གྲོང་ཁྱེར་སོ་སོ་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་བཅས་ལ་སྤྲད་དེ་བསམ་འཆར་བསྡུ་ལེན་བྱེད་རྒྱུའི་ཐག་བཅད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱེད་པར་སྤྲོད་རྩིས་ཡོད་པའི་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས་པར་མ་ཟད། སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་ཞིང་ལྗོངས་དང་གྲོང་ཁྱེར་སོ་སོ་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་བཅས་ལ་སྤྲད་དེ་བསམ་འཆར་བསྡུ་ལེན་བྱེད་རྒྱུའི་ཐག་བཅད།

ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ལ་བྱ་བ་ཡར་ཞུ་བྱེད་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་བཀོད་འགན་འཁྲི་ཡིན། ཕྱོགས་སོ་སོའི་བསམ་འཆར་ཡོངས་ཁྱབ་ཏུ་ཉན་པ་དང་། གཞི་རིམ་མང་ཚོགས་ཀྱི་རེ་སྒུག་ལ་རྒྱུས་ལོན་བྱས་ནས། སྲིད་གཞུང་བྱ་བའི་སྙན་ཞུ་ལས་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་དང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། དཀའ་ཁག་དང་གནད་དོན་གལ་ཆེན་ཐག་གཅོད་བྱེད་པ། མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་པ་བཅས་ཀྱི་རེ་བ་གང་ལེགས་སྒོས་མཚོན་པར་བྱས་ནས། སྲིད་གཞུང་བྱ་བ་ཇེ་ལེགས་སུ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོར་འཕེལ་རྒྱས་སུ་གཏོང་བའི་གནས་བབ་བཟང་བོ་མུ་མཐུད་དུ་ཁག་ཐེག་བྱེད་དགོས་ལ། སྲིད་གཞུང་བྱ་བའི་ལས་འགན་ཧ་ཅང་ལྗིད་པས། ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་བོར་འཛིན་པ། གོ་སྐབས་དམ་འཛིན་བྱེད་པ། འགྲན་རྩོད་ལ་ཁ་གཏད་འཇལ་བ་བཅས་བྱས་ནས། ཐོན་ཚད་བརྟན་འཇགས་སྒོས་འཕར་སྣོན་ཡོང་བར་བྱེད་པ་དང་། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་བདེ་སྐྲུན་པ། ཉེན་ཁ་སྔོན་འགོག་བྱེད་པ་བཅས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྙིང་སྟོབས་ཆེན་པོ་བསྐྱེད་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོར་དམིགས་ཏེ་འགན་འཁྲི་ལག་བསྟར་བྱེད་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་བཅོས་སྒྱུར་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་དོན་དངོས་ཀྱི་བྱ་བ་བསྒྲུབ་སྟེ། ལོ་གསར་བའི་ནང་བྱས་རྗེས་གསར་བ་འཇོག་པར་འབད་བརྩོན་བྱེད་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་དང་ལིག་ཡན་ཏུང་། ཝང་དབྱང་། མཱ་ཁེ། རྒྱལ་སྲིད་ཨུ་ཡོན་དབྱང་ཅིན་དང་ཁྲང་བན་ཆོན། དབྱང་ཅེ་ཁྲི། ཀའོ་ཧྲིན་ཁུང་། ཝང་ཡུང་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚང་འཛོམས་གྲོས་ཚོགས་ཀྱི་བཙུགས་གྲུབ་མི་སྣ་གྲོས་ཚོགས་སུ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།