ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སི་ཁྲོན་དུ་ཡོད་པའི་དམག་དཔུང་གི་རྟེན་གཞི་ག་གེ་མོ་ཞིག་གི་དཔོན་དམག་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3a7195a3c4dc11a625e8da839b91febf.jpg

ཟླ་གཉིས་པའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སི་ཁྲོན་དུ་ཡོད་པའི་དམག་དཔུང་གི་རྟེན་གཞི་ག་གེ་མོ་ཞིག་ཏུ་ཕེབས་ཏེ་དམག་དཔུང་གི་དཔོན་དམག་རྣམས་ལ་འཚམས་འདྲི་བྱས།

25fd58e40798f055d95aeb07a5384d99.jpg

ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་དམག་དཔུང་གི་ཁྲི་ཤོག་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་འཛུགས་བཟོ་མདའ་ཤོག་ལས་ཁུངས་ཀྱི་འགོ་ཁྲིད་པར་ཐུག་འཕྲད་བྱས་པར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་ཏུ་བཞག

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གཉིས་པའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སི་ཁྲོན་དུ་ཡོད་པའི་དམག་དཔུང་གི་རྟེན་གཞི་ག་གེ་མོ་ཞིག་ཏུ་ཕེབས་ཏེ་དམག་དཔུང་གི་དཔོན་དམག་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམངས་དམག་གྲ་སྒྲིག་མི་སྣ་བཅས་ལ་སྙིང་ཉེ་བའི་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་ཞུས། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ལག་བསྟར་ནན་མོ་བྱེད་དགོས་ལ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་སྤེལ་བྱེད་པ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་གསར་སྐྲུན་བྱེད་པ། འགན་འཁྲི་དང་ལས་འགན་ལག་བསྟར་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་ཇེ་ཆེར་བཏང་ནས། ཏང་གི་དུས་རབས་གསར་པའི་སྟོབས་ལྡན་དམག་དཔུང་གི་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་ཞི་ཅིན་ཕིང་རྟེན་གཞི་ག་གེ་མོའི་གཏོང་འཕེན་ར་བར་ཕེབས་ཏེ་ར་བའི་བཀོད་སྒྲིག་གསལ་བཤད་ཀྱི་པར་རིས་ལ་གཟིགས་ཞོར་དུ་ར་བའི་གྲུབ་ཚུལ་ནུས་པར་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། དུས་ངེས་མེད་དུ་འབྲེལ་ཡོད་གནད་དོན་ཞིབ་འདྲི་བྱས། ཞི་ཅིན་ཕིང་གིས་ཁོ་ཚོར་བཀའ་དྲིན་ཆེ་ཞུས་པར་མ་ཟད་ཕྲག་ཏུ་བབས་པའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ་བཅོས་སྒྱུར་གསར་སྐྲུན་བྱེད་པ་དང་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་བརྩོན་ལེན་བྱེད་དགོས་པའི་སྐུལ་མ་བཏང་།

ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་དམག་དཔུང་གི་ཁྲི་ཤོག་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་འཛུགས་བཟོ་མདའ་ཤོག་ལས་ཁུངས་ཀྱི་འགོ་ཁྲིད་པར་ཐུག་འཕྲད་བྱས་པར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་ཏུ་བཞག
  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།