ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཅི་ལིན་ཞིང་ཆེན་ལ་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

766ddac5ef38021e0e8655086d6882a8.jpg

ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅི་ལིན་ཞིང་ཆེན་གྱི་པེ་ཁྲིན་གྲོང་ཁྱེར་ཀྲིན་ལའེ་རྫོང་དུ་གཟིགས་ཞིབ་མཛད། པར་འདི་ནི་ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། ལིས་ཁི་ཆང་གིས་ཀྲིན་ལའེ་རྫོང་ཧྭ་དབྱིན་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་འཚམས་འདྲི་མཛད་པ་དང་སྡེ་བའི་མང་ཚོགས་མཉམ་དུ་གསུང་གླེང་མཛད་པའི་ཚུལ་རེད།

822829c6abfc8c7c66e87749071ce98a.jpg

ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅི་ལིན་ཞིང་ཆེན་གྱི་པེ་ཁྲིན་གྲོང་ཁྱེར་ཀྲིན་ལའེ་རྫོང་དུ་གཟིགས་ཞིབ་མཛད། པར་འདི་ནི་ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། ལིས་ཁི་ཆང་གིས་ཀྲིན་ལའེ་རྫོང་གི་ཁོར་ཡུག་གཙང་དག་བྱེད་པའི་ལས་བཟོ་བ་དང་ཕྱག་ཇུས་གནང་བའི་ཚུལ་རེད།


         ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅི་ལིན་ཞིང་ཆེན་གྱི་པེ་ཁྲིན་གྲོང་ཁྱེར་ཀྲིན་ལའེ་རྫོང་དུ་གཟིགས་ཞིབ་མཛད་པ་དང་། མི་དམངས་མང་ཚོགས་རྣམས་ལ་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་ཞུས།

གནད་ཕིགས་དབུལ་ཐར་མཁྲེགས་གཏོར་བྱ་བའི་རྒྱལ་ཁ་ལེན་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ལིས་ཁི་ཆང་ཏ་ཞིན་ཨན་ལིན་ལྷོ་ཕྱོགས་ཀྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ཀྲིན་ལའེ་རྫོང་དབྱིན་ཧྭ་སྡེ་བའི་དབུལ་ཕོངས་ཁྱིམ་ཚོང་དུ་ཕེབས་ཏེ། འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ཁོ་ཚོར་ལུགས་རྙིང་ལོ་སར་གྱི་ལེགས་སྐྱེས་ཕུལ་བར་མ་ཟད་རྟེན་འབྲེལ་ཞུས། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་སྡེ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས། ལིས་ཁི་ཆང་གིས་གསུངས་རྒྱུར། རིམ་པ་སོ་སོའི་སྲིད་གཞུང་གིས་མང་ཚོགས་ཀྱི་རེ་སྒུག་གསར་བ་དང་བསྟུན་ནས། དབུལ་ཐར་མཁྲེགས་གཏོར་བྱ་བར་གཙིགས་འཛིན་བྱེད་པ་དང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ལ་ཁག་ཐེག་བྱས་ཏེ། བརྟན་འཇགས་སྒོས་ཕྱུག་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བར་ཧ་ཅང་ཐུགས་ཁུར་གནང་བཞིན་ཡོད། ཁོང་བསྒྱུར་བཅོས་བྱེད་རྩིས་ཡོད་པའི་ཁང་རྙིང་ས་ཁུལ་དུ་ཕེབས་ཏེ། དབུལ་ཕོངས་སྡོད་དམངས་ཀྱིས་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས། ཁོ་དང་མཉམ་དུ་རྟོག་ཞིབ་བྱེད་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་དཀའ་ཁག་མང་ཚོགས་ཀྱི་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། འགན་སྲུང་བྱེད་ཐབས་ལག་བསྟར་བཟང་བོ་བྱས་ནས། དམིགས་བསལ་གྱི་དཀའ་ཁག་ཡོད་པའི་ཁྱིམ་ཚང་ལ་རྒུད་སྐྱོབ་བྱེད་དགོས་པའི་སྐུལ་མ་བཏང་། རྫོང་ཕན་བདེ་ཁང་ནས་ལིས་ཁི་ཆང་གིས་ལོ་ལོན་རྣམས་ལ་གོན་པ་གསར་བ་བྱིན་པ་དང་ཁོ་ཚོར་ལུགས་རྙིང་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས།

གཟིགས་ཞིབ་མཛད་སྐབས། ལིས་ཁི་ཆང་གིས་ཉེ་བའི་ལོ་འགའི་རིང་ལ་ཅི་ལིན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཅི་ལིན་གྱིས་མུ་མཐུད་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། བཅོས་སྒྱུར་སྒོ་འབྱེད་བྱེད་པའི་ཁྲོད་ཤར་བྱང་ས་ཁུལ་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་དགོས་ཟེར།   །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།