ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ་གཉིས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ལ་སོ་སོར་འཚམས་འདྲི་དང་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་ནས་རྒྱལ་དོན་ལ་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༣.jpg

ལིས་ཁི་ཆང་དཔལ་འབྱོར་དང་ཞིང་ལས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་པའི་གྲོས་ཚོགས་ལ་ཞུགས།

༤.jpg

ལིས་ཀྲན་ཧྲུའུ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་ཅིག་སན་སློབ་ཚོགས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་པའི་གྲོས་ཚོགས་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཞི་ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་དཔལ་འབྱོར་དང་ཞིང་ལས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་པའི་གྲོས་ཚོགས་ལ་ཞུགས། ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་ལིས་ཁི་ཆང་གིས་གསུངས་རྒྱུར། འདས་པའི་ལོ་ལྔའི་རིང་ལ་རང་རྒྱལ་གྱི་འཕེལ་རྒྱས་ལ་དཀའ་ཁག་ཆེ་བ་དང་གྲུབ་འབྲས་འོད་སྟོང་འབར་བ་བླངས་ཡོད་ལ། གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་ལས་སླ་མོ་ཞིག་གཏན་ནས་མིན། འདི་དག་ཡོད་ཚད་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་འགོ་ཁྲིད་དང་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་ཡིན་པ་དང་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་དེའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ད་ལོར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་དུ་དམིགས་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཀྲན་ཧྲུའུ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་ཅིག་སན་སློབ་ཚོགས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་པའི་གྲོས་ཚོགས་ལ་ཞུགས། ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཞིབ་ཏུ་ཉན་རྗེས་ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་མངོན་འགྱུར་བྱས་པ་རེད། འདིའི་ཁྲོད་དུ་དམངས་གཙོ་ཏང་ཁག་སོ་སོའི་སེམས་ཤུགས་དང་བློ་གྲོས་འདུས་ཡོད། དམངས་གཙོ་ཏང་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གནད་དོན་གལ་ཆེན་གྱི་སྟེང་ནས་ཆབ་སྲིད་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་རང་འགུལ་གྱིས་སྲུང་སྐྱོབ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་བགྲོད་ལམ་དུ་སྐྱོད་དགོས་ཟེར། །

  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།