ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་དོན་ཨུ་ཡོན་གྱི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief.jpg    

ཝུའེ་ཧྥུང་ཧོ།

ཝུའེ་ཧྥུང་ཧོ། ཕོ། རྒྱ་རིགས། 1954ལོའི་ཟླ་གཉིས་པར་འཁྲུངས། ཧྲན་ཏུང་ཁྲི་ཕིང་ནས་ཡིན་པ། 1970ལོའི་ཟླ་བཅུ་གཉིས་པར་དམག་དཔུང་ལ་ཞུགས། 1972ལོའི་ཟླ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། རྒྱལ་སྲུང་སློབ་ཆེན་གཡུལ་འགྱེད་གན་རྒྱ་བཀོད་འདོམས་ཆེད་ལས་ནས་ཐོན། སློབ་ཆེན་གྱི་སློབ་རྒྱུས་ལྡན།

ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའི་ཁོངས་མི། རྒྱལ་སྲུང་པུའི་པུའུ་ཀྲང་ཧྲང་ཅང་དམག་དཔོན་བཅས་ཀྱི་འགན་བཞེས་བཞིན་ཡོད།

1970ལོ་ནས་1974ལོ་བར་མེ་སྒྱོགས་དམག་གཉིས་པའི་རྟེན་གཞི་54པའི་ཐོན་813གྱི་འཕྲིན་གཏོང་ལན་གྱི་འཐབ་འཛིང་པ་དང་པན་ཀྲང་གནང་།

1974ལོ་ནས་1979ལོ་བར་མེ་སྒྱོགས་དམག་གཉིས་པའི་རྟེན་གཞི་54པའི་ཐོན་813གྱི་འཕེན་གཏོང་ཡིང་དང་པོའི་ལན་དང་པོའི་ཕའེ་ཀྲང་གནང་། (དེའི་རིང་1975ལོ་ནས་1977ལོ་བར་རྒྱལ་སྲུང་ཁོའོ་ལས་དོན་ཨུ་ལྷན་རྟེན་གཞི་20པའི་ཏུང་ཝུའུ་འཕུར་མདེལ་སྦྱོང་བརྡར་འཛིན་གྲྭར་ཚོད་འཛིན་ཆེད་ལས་སློབ་སྦྱོང་གནང)

1979ལོ་ནས་1984ལོ་བར་མེ་སྒྱོགས་དམག་གཉིས་པའི་རྟེན་གཞི་54པའི་ཐོན་813གྱི་སི་ལིང་པུའི་དམག་འཐབ་སྦྱོང་བརྡར་ཀུའུ་རུ་ཚན་མོའུ་གནང་། (དེའི་རིང་1982ལོ་ནས་1984ལོ་བར་མེ་སྒྱོགས་དམག་གཉིས་པའི་སློབ་གླིང་གི་འབྲིང་རིམ་དམག་དོན་བཀོད་འདོམས་ཆེད་ལས་སུ་སློབ་སྦྱོང་གནང)

1984ལོ་ནས་1986ལོ་བར་མེ་སྒྱོགས་དམག་གཉིས་པའི་རྟེན་གཞི་54པའི་ཉིང་ལག་རུ་ཁག་813གྱི་སི་ལིང་པུའི་དམག་འཐབ་སྦྱོང་བརྡར་ཀུའུ་རུ་ཀུའུ་ཀྲང་གནང་།

1986ལོ་ནས་1988ལོ་བར་མེ་སྒྱོགས་དམག་གཉིས་པའི་རྟེན་གཞི་54པའི་ལུའི་813སི་ལིང་པུའི་དམག་འཐབ་སྦྱོང་བརྡར་ཁོའོ་ཡི་ཁོའོ་ཀྲང་གནང་།

1988ལོ་ནས་1990ལོ་བར་མེ་སྒྱོགས་དམག་གཉིས་པའི་རྟེན་གཞི་54པའི་ལུའི་813གྱི་ཚན་མོའུ་ཀྲང་གཞོན་པ་གནང་།

1990ལོ་ནས་1994ལོ་བར་མེ་སྒྱོགས་དམག་གཉིས་པའི་རྟེན་གཞི་54པའི་ལུའི་813གྱི་ཚན་མོའུ་ཀྲང་གནང་།

1994ལོ་ནས་1999ལོ་བར་མེ་སྒྱོགས་དམག་གཉིས་པའི་རྟེན་གཞི་54པའི་ལུའི་813གྱི་ལུའི་ཀྲང་གནང་། (དེའི་རིང་1997ལོ་ནས་1999ལོ་བར་རྒྱལ་སྲུང་སློབ་ཆེན་ཧྲི་ཐོན་ལས་རིགས་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་གཡུལ་འགྱེད་གན་རྒྱ་བཀོད་འདོམས་ཆེད་ལས་ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་ཏུ་སློབ་སྦྱོང་གནང)

1999ལོ་ནས་2001ལོ་བར་མེ་སྒྱོགས་དམག་གཉིས་པའི་རྟེན་གཞི་54པའི་ཚན་མོའུ་ཀྲང་གཞོན་པ་གནང་།

2001ལོ་ནས་2003ལོ་བར་མེ་སྒྱོགས་དམག་གཉིས་པའི་རྟེན་གཞི་54པའི་ཚན་མོའུ་ཀྲང་གནང་།

(1999ལོ་ནས་2002ལོ་བར་རྒྱལ་སྲུང་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་ཚན་གྱི་ཟབ་སྦྱོང་འཛིན་གྲྭའི་ལས་ཐོག་སློབ་སྦྱོང་གནང)

2003ལོ་ནས་2004ལོ་བར་མེ་སྒྱོགས་དམག་གཉིས་པའི་རྟེན་གཞི་53པའི་སི་ལིང་ཡོན་གནང་།

2004ལོ་ནས་2006ལོ་བར་མེ་སྒྱོགས་དམག་གཉིས་པའི་ཚན་མོའུ་ཀྲང་གཞོན་པ་གནང་། (དེའི་རིང་2006ལོའི་ཟླ་གསུམ་པ་ནས་2006ལོའི་ཟླ་བདུན་པ་བར་རྒྱལ་སྲུང་སློབ་ཆེན་འཐབ་ཇུས་བཀོད་འདོམས་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་གནང)

2006ལོ་ནས་2010ལོ་བར་མེ་སྒྱོགས་དམག་གཉིས་པའི་ཚན་མོའུ་ཀྲང་གནང་།

2010ལོ་ནས་2012ལོ་བར་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་ཚན་མོའུ་ཀྲང་གཞོན་པ་གནང་།

2012ལོར་མེ་སྒྱོགས་དམག་གཉིས་པའི་སི་ལིང་ཡོན་གནང་།

2012ལོ་ནས་2013ལོ་བར་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། མེ་སྒྱོགས་དམག་གཉིས་པའི་སི་ལིང་ཡོན་གནང་།

2013ལོ་ནས་2015ལོ་བར་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མེ་སྒྱོགས་དམག་གཉིས་པའི་སི་ལིང་ཡོན་བཅས་གནང་།

2015ལོ་ནས་2017ལོ་བར་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མེ་ཤུགས་འཕུར་མདའ་དམག་གི་སི་ལིང་ཡོན་བཅས་གནང་།

2017ལོ་ནས་2018ལོ་བར་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གནང་།

2018ལོ་ནས་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའི་ཁོངས་མི། རྒྱལ་སྲུང་པུའི་པུའུ་ཀྲང་བཅས་གནང་།

ཀྲུང་གུང་སྐབས་བཅུ་བདུན་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་གནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་གནང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་གནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་གནང།

res04_attpic_brief.jpg

ཝང་ཡུང་།

ཝང་ཡུང་། ཕོ། རྒྱ་རིགས། 1955ལོའི་ཟླ་བཅུ་གཉིས་པར་འཁྲུངས། ལེའོ་ཉིང་ཀའེ་ཀྲོའུ་ནས་ཡིན་པ། 1969ལོའི་ཟླ་བརྒྱད་པར་ལས་ཀར་ཞུཌ། 1974ལོའི་ཟླ་བརྒྱད་པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཧར་པིན་བཟོ་ལས་སློབ་ཆེན་ལག་རྩལ་དཔལ་འབྱོར་བཟོ་སྐྲུན་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། བཟོ་སྐྲུན་རིག་པའི་རབ་འབྱམས་པའི་སློབ་གནས་ལྡན། ཞིབ་འཇུག་པ་ཡིན་པ།

ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་། རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའི་ཁོངས་མི་བཅས་ཀྱི་འགན་བཞེས་བཞིན་ཡོད།

1969ལོ་ནས་1977ལོ་བར་ཧེ་ལུང་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཧྲེ་དང་པོའི་ཐོན་གསུམ་པའི་ལེན་སོ་གཅིག་གི་འཐབ་འཛིང་པ་དང་འཕྲུལ་ལས་ཀྱི་ཕའེ་ཀྲང་གནང་།

1977ལོ་ནས་1979ལོ་བར་འཕྲུལ་འཁོར་བཟོ་ལས་པུའུ་བདུན་པའི་བཟོ་གྲྭ་230པའི་སྒྲིག་སྦྱོར་འཁོར་ཁང་གི་སྙོམས་སྒྲིག་ཚོད་ལྟ་བ་གནང་།

1979ལོ་ནས་1982ལོ་བར་པེ་ཅིང་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་གྱི་གློག་རྡུལ་ཆེད་ལས་སུ་སློབ་སྦྱོང་གནང་།

1982ལོ་ནས་1983ལོ་བར་འཇིག་རྟེན་འཕུར་སྐྱོད་པུའི་བཟོ་གྲྭ་230པའི་ལག་རྩལ་ཁོའོ་ཡི་ལག་རྩལ་པ་གཙོ་བོ་གནང་།

1983ལོ་ནས་1984ལོ་བར་འཇིག་རྟེན་འཕུར་སྐྱོད་པུའི་230བཟོ་གྲྭའི་སྒྲིག་སྦྱོར་འཁོར་ཁང་གི་བཀོད་འདོམས་པ་གཞོན་པ་དང་ཏང་ཀྲི་པུའི་ཧྲུའུ་ཅི་གཅིག་ལྕོགས་གནང་།

1984ལོ་ནས་1989ལོ་བར་འཇིག་རྟེན་འཕུར་སྐྱོད་པུའི་བཟོ་གྲྭ་230པའི་ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པ་དང་ཁྲང་ཀྲང་ལས་རོཌ་དང་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་གཞོན་པ་གཅིག་ལྕོགས་གནང(དེའི་རིང་1987ལོའི་ཟླ་དགུ་པ་ནས་1988ལོའི་ཟླ་དང་པོ་བར་ཧར་པིན་བཟོ་ལས་སློབ་ཆེན་དོ་དམ་སློབ་གླིང་གི་སྤྱི་ཁྱབ་བཟོ་བཀོད་པའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)

1989ལོ་ནས་1992ལོ་བར་ཧར་པིན་བཟོ་ལས་སློབ་ཆེན་ལག་རྩལ་དཔལ་འབྱོར་བཟོ་སྐྲུན་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་གནང་།

1992ལོ་ནས་1993ལོ་བར་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་པུའི་སྒྲིག་གཞི་སྒྱུར་བཅོས་སིར་ལས་བྱེད་སྐོང་གཡར་གནང་།

1993ལོ་ནས་1994ལོ་བར་འཇིག་རྟེན་འཕུར་སྐྱོད་སྤྱི་ཁྱབ་ཀུང་སིའི་བཟོ་གྲྭ་230པའི་ཁྲང་ཀྲང་གཞོན་པ་གནང་།

1994ལོ་ནས་1995ལོ་བར་འཇིག་རྟེན་འཕུར་སྐྱོད་སྤྱི་ཁྱབ་ཀུང་སིའི་བཟོ་གྲྭ་230པའི་རྒྱུན་ལས་ཁྲང་ཀྲང་གཞོན་པ་གནང་།

1995ལོ་ནས་1997ལོ་བར་འཇིག་རྟེན་འཕུར་སྐྱོད་སྤྱི་ཁྱབ་ཀུང་སིའི་བཟོ་གྲྭ་230པའི་ཁྲང་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ(ཅུས་རིམ་པ་རྒན་པ)གནང་།

1997ལོར་འཇིག་རྟེན་འཕུར་སྐྱོད་སྤྱི་ཁྱབ་ཀུང་སིའི་ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པ་གནང་།

1997ལོ་ནས་1998ལོ་བར་འཇིག་རྟེན་འཕུར་སྐྱོད་སྤྱི་ཁྱབ་ཀུང་སིའི་ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པ་དང་པེ་ཅིང་ཁུལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གཅིག་ལྕོགས་གནང་།

1998ལོ་ནས་1999ལོ་བར་འཇིག་རྟེན་འཕུར་སྐྱོད་སྤྱི་ཁྱབ་ཀུང་སིའི་མི་དོན་ངལ་རྩོལ་སློབ་གསོ་ཅུས་ཀྱི་འགན་འཁུར་བ་གནང(ལས་ཀ་གཙོ་སྐྱོང་གནང)

1999ལོ་ནས་2000ལོ་བར་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་འཕྲུལ་གློག(ཚན་རིག་བཟོ་ལས)ཚོགས་པ་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་དང་ཏང་ཙུའི་ཁོངས་མི་གནང་།

2000ལོ་ནས་2001ལོ་བར་ཀྲུང་དབྱང་རྩ་འཛུགས་པུའི་ཁེ་ལས་ལས་བྱེད་པའི་གཞུང་དོན་ཁང་གི་ཀྲུའུ་རེན་གནང་།

2001ལོ་ནས་2003ལོ་བར་ཀྲུང་དབྱང་རྩ་འཛུགས་པུའུ་ལས་བྱེད་པ་ཅུས་ལྔ་པའི་ཅུས་ཀྲང་གནང་།

2003ལོ་ནས་2005ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཏང་ཨུད་ཀྱི་ཨུ་ཡོན་གནང་།

2005ལོ་ནས་2008ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།

2008ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་དང་ལས་ཁུངས་ཏང་ཙུའི་ཁོངས་མི་གནང་།

2008ལོ་ནས་2010ལོ་བར་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་གནང་།

2010ལོ་ནས་2013ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཨུད་ཀྱི་ཧྲུའུ་ཅི་གནང་།

2013ལོ་ནས་རྒྱལ་དོན་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའི་ཁོངས་མི་གནང་།

ཀྲུང་གུང་སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་ཀྲུང་གུང་སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་གནང་།

res07_attpic_brief.jpg

ཝང་དབྱིས།

ཝང་དབྱིས། ཕོ། རྒྱ་རིགས། 1953ལོའི་ཟླ་བཅུ་པར་འཁྲུངས། པེ་ཅིང་གྲོང་ཁྱེར་ནས་ཡིན་པ། 1969ལོའི་ཟླ་དགུ་པར་ལས་ཀར་ཞུགས། 1981ལོའི་ཟླ་ལྔ་པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། པེ་ཅིང་ཕྱི་སྐད་སློབ་གླིང་གཉིས་པའི་ཨེ་ཤེ་ཡ་དང་ཨ་ཧྥེ་རེ་ཁའི་སྐད་ཁོངས་ཀྱི་རི་པིན་སྐད་ཀྱི་ཆེད་ལས་ནས་ཐོན། སློབ་ཆེན་གྱི་སློབ་རྒྱུས་ལྡན། དཔལ་འབྱོར་རིག་པའི་རབ་འབྱམས་པའི་སློབ་གནས་ལྡན།

ད་ཆ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་། རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཁོངས་མི། ཕྱི་འབྲེལ་པུའི་པུའུ་ཀྲང་བཅས་ཀྱི་འགན་བཞེས་བཞིན་ཡོད།

1969ལོ་ནས་1977ལོ་བར་ཧེ་ལུང་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་འཐབ་འཛིང་པ་དང་། ལེན་ཏུའེ་ཡི་གསར་འགྱུར་འབྲི་མཁན། དམག་སྒར་གྱི་འཕྲིན་སྤེལ་བ། ལས་ཚབ་དྲིལ་བསྒྲགས་ཀན་ཧྲི་བཅས་གནང་།

1977ལོ་ནས་1978ལོ་བར་གྲོང་ཁྱེར་དུ་ལོག་ནས་ལས་བགོས་བསྒུགས་ནས་བཞུགས་ཏེ་སྦྲག་ཏར་པུའུ་གསང་འཕྲིན་སུའོ་ཡི་ལས་བཟོ་གནང་།

1978ལོ་ནས་1982ལོ་བར་པེ་ཅིང་ཕྱི་སྐད་སློབ་གླིང་གཉིས་པའི་ཨེ་ཤེ་ཡ་དང་ཨ་ཧྥེ་རེ་ཁའི་སྐད་ཁོངས་ཀྱི་རི་པིན་སྐད་ཀྱི་ཆེད་ལས་སློབ་སྦྱོང་གནང་།

1982ལོ་ནས་1989ལོ་བར་ཕྱི་འབྲེལ་པུའུ་ཨེ་ཤེ་ཡ་སིའི་ཁོའོ་ཡོན་དང་། སྐུ་བཅར། ཁྲུའུ་ཀྲང་གཞོན་པ། ཁྲུའུ་ཀྲང་བཅས་གནང་།

1989ལོ་ནས་1994ལོ་བར་རི་པིན་དུ་བཅའ་སྡོད་གཞུང་ཚབ་ཁང་གི་ཚན་ཙན(1992ལོའི་ཟླ་ལྔ་པར་སི་རིམ་པ་གཞོན་པ)དང་གཞུང་ཚབ་ཐོབ་ཐང་གི་ཚན་ཙན(1993ལོའི་ཟླ་4)གནང་།

1994ལོ་ནས་1995ལོ་བར་ཕྱི་འབྲེལ་པུའི་ཨེ་ཤེ་ཡ་སིའི་སི་ཀྲང་གཞོན་པ་གནང་།

1995ལོ་ནས་1998ལོ་བར་ཕྱི་འབྲེལ་པུའི་ཨེ་ཤེ་ཡ་སིའི་སི་ཀྲང་གནང་།(དེའི་རིང་1997ལོའི་ཟླ་དྲུག་པ་ནས་1998ལོའི་ཟླ་དང་པོ་བར་ཨ་རིའི་ཆའོ་ཀྲེ་ཏུན་སློབ་ཆེན་གྱི་སློབ་སྐོར་བ་མཁས་ཅན་གནང)

1998ལོ་ནས་2001ལོ་བར་ཕྱི་འབྲེལ་པུའི་པུའུ་ཀྲང་ལས་རོགས་དང་། ཏང་ཨུད་ཀྱི་ཨུ་ཡོན་དང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཅིག་ལྕོཌ་གནང་།

(1996ལོ་ནས་1998ལོ་བར་ནན་ཁའེ་སློབ་ཆེན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཞིབ་འཇུག་ལྟེ་གནས་འཛམ་གླིང་དཔལ་འབྱོར་ཆེད་ལས་ཞིབ་འཇུག་སློབ་མའི་སློབ་ཚན་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་ནས་དཔལ་འབྱོར་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ། 2000ལོའི་ཟླ་གསུམ་པ་ནས་2000ལོའི་ཟླ་ལྔ་པའི་རིང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)

2001ལོ་ནས་2004ལོ་བར་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་དང་ཏང་ཨུད་ཀྱི་ཨུ་ཡོན་གནང་།

2004ལོ་ནས་2007ལོ་བར་རི་པིན་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་གནང་།

2007ལོ་ནས་2008ལོ་བར་ཕྱི་འབྲེལ་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པུའུ་ཀྲང་གཞོན་པ་གནང་།

2008ལོ་ནས་2013ལོ་བར་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གནང་།

2013ལོ་ནས་2018ལོ་བར་ཕྱི་འབྲེལ་པུའི་པུའུ་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།

2018ལོ་ནས་རྒྱལ་དོན་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཁོངས་མི། ཕྱི་འབྲེལ་པུའི་པུའུ་ཀྲང་། ཀྲུང་གུང་སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་གནང་།

res10_attpic_brief.jpg

ཞའོ་ཅེ།

ཞའོ་ཅེ། ཕོ། རྒྱ་རིགས། 1957ལོའི་ཟླ་6པར་འཁྲུངས། ལེའོ་ཉིང་ཁའེ་ཡོན་ནས་ཡིན་པ། 1976ལོའི་ཟླ་3པར་ལས་ཀར་ཞུགས། 1985ལོའི་ཟླ་8པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ནོར་སྲིད་པུའི་ནོར་སྲིད་ཚན་རིག་ཞིབ་འཇུག་སུའོ་ནོར་སྲིད་ཆེད་ལས་ནས་ཐོན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། དཔལ་འབྱོར་རིག་པའི་འབུམ་རམས་པའི་སློབ་གནས་ལྡན། དཔལ་འབྱོར་ཆེ་མོ་བ།

ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་། རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་དང་ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་བཞིན་ཡོད།

1976ལོ་ནས་1978ལོ་བར་པེ་ཅིང་གྲོང་ཁྱེར་འཕྲུལ་ཆས་ཅུས་འཕྲུལ་ཆས་ཞིབ་འཇུག་སུའོ་དང་འཕྲུལ་གློག་ཞིབ་འཇུག་ཁང་གི་བཟོ་པ་གནང་།

1978ལོ་ནས་1982ལོ་བར་ཀྲུང་གོ་མི་དམངས་སློབ་ཆེན་ནོར་སྲིད་ཚན་ཁག་ནོར་སྲིད་དངུལ་རྩའི་ཆེད་ལས་སློབ་སྦྱོང་གནང་།

1982ལོ་ནས་1987ལོ་བར་ནོར་སྲིད་པུའི་ཕྱོགས་བསྡུས་འཆར་འགོད་སི་ཡུན་རིང་འཆར་འགོད་ཁྲུའི་ལས་བྱེད་པ་གནང་།

1987ལོ་ནས་1991ལོ་བར་ནོར་སྲིད་པུའི་ཕྱོགས་བསྡུས་འཆར་གཞི་སི་ཡུན་རིང་འཆར་གཞི་ཁྲུའི(ཡུན་རིང་འཆར་གཞི་སྔོན་རྩིས་ཁྲུའུ)ཁྲུའུ་ཀྲང་གཞོན་པ་གནང་། (དེའི་རིང་1987ལོ་ནས་1989ལོ་བར་རྒྱལ་ཕྲན་མཉམ་འབྲེལ་འཇར་མན་དུ་ཟབ་སྦྱོང་གནང་བར་ཕེབས)

1991ལོ་ནས་1993ལོ་བར་ནོར་སྲིད་པུའི་ཕྱོགས་བསྡུས་འཆར་གཞི་སི་ཡུན་རིང་འཆར་གཞི་སྔོན་རྩིས་ཁྲུའི་ཁྲུའུ་ཀྲང་གནང་།

(1991ལོ་ནས་1992ལོ་བར་ལེའོ་ཉིང་ཞིང་ཆེན་ཧྥུའུ་ཤིན་གྲོང་ཁྱེར་འཆར་གཞི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་གནས་སྦྱར་གནང)

1993ལོ་ནས་1994ལོ་བར་ནོར་སྲིད་པུའི་ཕྱོཌ་བསྡུས་དང་འཆར་གཞི་སིའི་སི་ཀྲང་གཞོན་པ་གནང་།

1994ལོ་ནས་1998ལོ་བར་ནོར་སྲིད་པུའི་ཕྱོཌ་བསྡུས་དང་སྒྱུར་བཅོས་སིའི་སི་ཀྲང་གཞོན་པ་གནང་།

(1992ལོ་ནས་1995ལོ་བར་ནོར་སྲིད་པུའི་ནོར་སྲིད་ཚན་རིག་ཞིབ་འཇུག་སུའོ་ནོར་སྲིད་ཆེད་ལས་ཀྱི་ལས་ཐོག་སློབ་འཇུག་སློབ་མའི་སློབ་སྦྱོང་གནང་། དཔལ་འབྱོར་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། 1994ལོ་ནས་1995ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་)

1998ལོ་ནས་2000ལོ་བར་ནོར་སྲིད་པུའི་ཕྱོགས་བསྡུས་སིའི་སི་ཀྲང་གནང་།

2000ལོ་ནས་2001ལོ་བར་ནོར་སྲིད་པུའི་རྒྱལ་མཛོད་སིའི་སི་ཀྲང་གནང་།

2001ལོ་ནས་2005ལོ་བར་ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་དང་། ཏང་ཙུའི་ཁོངས་མི། ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་གནང(2004ལོའི་ཟླ་10)

2005ལོ་ནས་2007ལོ་བར་ཧུའུ་ནན་ཞིང་ཨུད་ཀྱི་རྒྱུན་ཨུ་ཧྲེང་ཀྲང་གཞོན་པ་གནང་།

2007ལོ་ནས་2013ལོ་བར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་གནང་།

2013ལོ་ནས་2016ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་དང(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་རྒྱུན་ལས་ལས་ཀའི་འགན་བཞེས་པ་དང་པུའུ་ཀྲང་རིམ་པ་རྒན་པ་གནང)ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་གནང་།

2016ལོ་ནས་2017ལོ་བར་ནོར་སྲིད་པུའི་པུའུ་ཀྲང་དང་། ཏང་ཙུའི་ཧྲུའུ་ཅི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་རྒྱུན་ལས་ལས་ཀའི་འགན་བཞེས་པ་དང་པུའུ་ཀྲང་རིམ་པ་རྒན་པ)བཅས་གནང་།

2017ལོར་ནོར་སྲིད་པུའི་པུའུ་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་གནང་།

2017ལོ་ནས་2018ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་དྲུང་ཆེ་གཞོན་པ། ནོར་སྲིད་པུའི་པུའུ་ཀྲང་དང་ཏང་ཙུའི་ཧྲུའུ་ཅི། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་གནང་།

2018ལོ་ནས་རྒྱལ་དོན་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ། ལས་ཁུངས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཀྲུང་གུང་སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་གནང་།

res13_attpic_brief.jpg

ཀྲའོ་ཁེ་ཀྲེ།

ཀྲའོ་ཁེ་ཀྲེ། ཕོ། རྒྱ་རིགས། 1953ལོའི་ཟླ་བཅུ་གཉིས་པར་འཁྲུངས། ཧྲན་ཏུང་ལའེ་ཤིས་ནས་ཡིན་པ། 1973ལོའི་ཟླ་གསུམ་པར་ལས་ཀར་ཞུགས། 1975ལོའི་ཟླ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།

ད་ཆ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་། རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའི་ཁོངས་མི། སྤྱི་བདེ་པུའི་པུའུ་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི། སྤྱི་ཁྱབ་ཉེན་ཞིབ་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།

1973ལོ་ནས་1975ལོ་བར་ཧྲན་ཏུང་ཞིང་ཆེན་ལའེ་ཤིས་རྫོང་ཤཱ་གེ་ཀྲོང་མཉམ་འབྲེལ་སློབ་འབྲིང་དམངས་འཛུགས་ཀྱི་དགེ་རྒན་གནང་།

1975ལོ་ནས་1976ལོ་བར་ཧྲན་ཏུང་ཞིང་ཆེན་ལའེ་ཤིས་རྫོང་ཞིང་ལས་ཏ་ཀྲའེ་ལ་སློབ་སྦྱོང་ལས་དོན་རུ་ཁག་གི་རུ་མི་དང་ཤཱ་གེ་ཀྲོང་ཀུང་ཧྲིའི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་གནང་།

1976ལོ་ནས་1980ལོ་བར་ཧྲན་ཏུང་ཞིང་ཆེན་ལའེ་ཤིས་རྫོང་ཤཱ་གེ་ཀྲོང་ཀུང་ཧྲིའི་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ཅང་ཧྲན་ཀུང་ཧྲིའི་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་ཨུ་ཡོན་གནང་།

1980ལོ་ནས་1982ལོ་བར་གུང་གཞོན་སྡེ་ཚོགས་ཧྲན་ཏུང་ཞིང་ཆེན་ལའེ་ཤིས་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང(དེའི་རིང་། 1980ལོ་ནས་1982ལོ་བར་ཧྲན་ཏུང་ཞིང་ཨུད་ཏང་གི་སློབ་གྲྭའི་ལས་བྱེད་པའི་ཆེད་སྦྱོང་ཚན་ཁག་ཏུ་སློབ་སྦྱོང་གནང)

1982ལོ་ནས་1983ལོ་བར་གུང་གཞོན་སྡེ་ཚོཌ་ཧྲན་ཏུང་ཞིང་ཆེན་ལའེ་ཤིས་རྫོང་ཨུད་ཀྱི་ཧྲུའུ་ཅི་གནང་།

1983ལོ་ནས་1984ལོ་བར་ཧྲན་ཏུང་ཞིང་ཆེན་ལའེ་ཤིས་རྫོང་ནན་ལན་ཤང་དང་ཧྲུའེ་ཅི་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་གནང་།

1984ལོ་ནས་1987ལོ་བར་ཧྲན་ཏུང་ཞིང་ཆེན་ལའེ་ཤིས་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གནང་།

1987ལོ་ནས་1989ལོ་བར་ཧྲན་ཏུང་ཞིང་ཆེན་ཅི་མོའོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གནང་།

1989ལོ་ནས་1991ལོ་བར་ཧྲན་ཏུང་ཞིང་ཆེན་ཅི་མོའོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།

1991ལོ་ནས་1994ལོ་བར་ཧྲན་ཏུང་ཞིང་ཆེན་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གནང་།

1994ལོ་ནས་1997ལོ་བར་ཧྲན་ཏུང་ཞིང་ཆེན་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང(དེའི་རིང་། 1995ལོ་ནས་1996ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)

1997ལོ་ནས་2001ལོ་བར་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང(1996ལོ་ནས་1998ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཚན་རིག་དང་མཐུན་པའི་སྤྱི་ཚོཌ་རིང་ལུགས་ཀྱི་ཆེད་ལས་སློབ་སྦྱོང་གནང)

2001ལོར་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་གནང་།

2001ལོ་ནས་2006ལོ་བར་ཧྲན་ཏུང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་གནང་།

2006ལོར་ཅང་སུའུ་ཞིང་ཨུད་ཀྱི་རྒྱུན་ཨུ་གནང་།

2006ལོ་ནས་2010ལོ་བར་ཅང་སུའུ་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཧྲེང་ཀྲང་གཞོན་པ་གནང་།

2010ལོ་ནས་2012ལོ་བར་ཀུའེ་ཀྲོའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལས་ཚབ་ཧྲེང་ཀྲང་། ཧྲེང་ཀྲང་བཅས་གནང་།

2012ལོར་ཀུའེ་ཀྲོའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཧྲེང་ཀྲང་གནང་།

2012ལོ་ནས་2013ལོ་བར་ཀུའེ་ཀྲོའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་གནང་།

2013ལོ་ནས་2015ལོ་བར་ཀུའེ་ཀྲོའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་།

2015ལོ་ནས་2016ལོ་བར་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གནང་།

2016ལོ་ནས་2017ལོ་བར་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་།

2017ལོ་ནས་2018ལོ་བར་སྤྱི་བདེ་པུའི་པུའུ་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་གནང་།

2018ལོ་ནས་རྒྱལ་དོན་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའི་ཁོངས་མི། སྤྱི་བདེ་པུའི་པུའུ་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི། ཀྲུང་གུང་སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་བཅས་གནང་།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།