ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྡོམ་རྩིས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྡོམ་རྩིས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། སྡོམ་རྩིས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྤེལ་འགོ་བརྩམས། དེ་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་ཁྲིམས་འཛིན་ཞིབ་བཤེར་གྱི་ལྟ་སྐུལ་བྱ་བ་ཞིག་རེད།

ཐེངས་འདིའི་ཁྲིམས་འཛིན་ཞིབ་བཤེར་གྱི་དམིགས་ཡུལ་ནི་སྡོམ་རྩིས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། སྲིད་གཞུང་གིས་ཁྲིམས་ལྟར་སྡོམ་རྩིས་བྱ་བར་གཙིགས་འཛིན་བྱེད་པར་ལྟ་སྐུལ་དང་སྐུལ་འདེད་གཏོང་བ། བཅའ་ཁྲིམས་དང་འབྲེལ་ཡོད་ལམ་ལུགས། གཏན་འབེབས་བཅས་སྔར་ལས་ལག་ལེན་མཐར་ཕྱིན་བྱེད་པ། སྡོམ་རྩིས་བཅའ་ཁྲིམས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།