ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཞང་ཀང་དུ་ཡོད་པའི་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིས་འཕྲིན་ཡིག་བསྐུར་ཡོང་བར་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པར། ཞང་ཀང་དུ་ཡོད་པའི་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཡིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། མེས་རྒྱལ་ལ་དྲིན་ལན་འཇལ་བའི་རེ་འདུན་དྲག་པོ་དང་གསར་སྐྲུན་ཚན་རྩལ་འཕེལ་རྒྱས་སུ་གཏོང་བའི་སྤྲོ་སེམས་ཆེན་པོ་མཚོན་པར་བྱས། ཞི་ཅིན་ཕིང་གིས་དེར་མཐོང་ཆེན་བྱས་པ་དང་མཛུབ་སྟོན་གལ་ཆེན་གནང་བར་མ་ཟད་མྱུར་དུ་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཞང་ཀང་དང་ནང་ལོག་གིས་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་པར་སྐུལ་འདེད་བཏང་སྟེ་ཞང་ཀང་ནི་རྒྱལ་སྤྱིའི་གསར་སྐྲུན་ཚན་རྩལ་ལྟེ་གནས་སུ་འགྱུར་བར་རྒྱབ་སྐྱོར་བྱེད་པ་དང་། ཞང་ཀང་ཚན་རྩལ་ལས་རིགས་ཀྱིས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཞང་ཀང་དང་ནང་ལོག་གིས་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་པར་སྐུལ་འདེད་བཏང་སྟེ་ཞང་ཀང་ནི་རྒྱལ་སྤྱིའི་གསར་སྐྲུན་ཚན་རྩལ་ལྟེ་གནས་སུ་འགྱུར་བར་རྒྱབ་སྐྱོར་བྱེད་པ་དང་། ནང་ལོག་དང་ཞང་ཀང་རང་སྟེང་གི་ཚན་རྩལ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། ཞང་ཀང་དང་ནང་ལོག་གི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པར་བྱས་རྗེས་འཇོག་པ་ནི་ཞང་ཀང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པ་ལག་བསྟར་བྱེད་པའི་ནང་དོན་གཙོ་བོ་ཞིག་ཡིན། ཞང་ཀང་གི་ཡོན་ཧྲིས་འཕྲིན་ཡིག་བསྐུར་ཏེ་བཏོན་པའི་གནད་དོན་ལ་ཧ་ཅང་མཐོངས་ཆེན་བྱས་ཏེ། བྱེ་བྲག་གི་སྲིད་ཇུས་ལ་ཞིབ་འཇུག་དང་གཏན་འཁེལ་བྱེད་པ་དང་ལུགས་མཐུན་སྒོས་གནད་དོན་ཐག་གཅོད་པར་མ་ཟད། ཞང་ཀང་གི་ཚན་རྩལ་ལས་རིགས་ཀྱིས་ང་ཚོས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྟོབས་ཤུགས་འདོན་པར་རྒྱབ་སྐྱོར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།