ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་སི་ཧྲུའེ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བའི་ཐད་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན་ཧིན་རྡུ་ཉི་ཞི་ཡར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བའི་ཐད་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁི་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཧིན་རྡུ་ཉི་ཞི་ཡའི་ཏུང་ཀྭ་ཞིང་ཆེན་སི་ཧྲུའེ་གྲོང་ཁྱེར་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བ་གོ་རྗེས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་པར་མ་ཟད། ང་རང་ཉིད་ཀྱི་མིང་ཐོག་ནས་དོན་རྐྱེན་ཁྲོད་སྟབས་མ་ལེགས་པར་ཚེ་ལས་འདས་མཁན་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུས་པ་དང་། རྨས་མ་དང་ཚེ་ལས་འདས་མཁན་རྣམས་ཀྱི་ཁྱིམ་མིར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་ཡིན།

འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་ཡོད་ཚད་ཀྱི་འཇིགས་སྐུལ་རིང་ལུགས་ལ་བློ་བརྟན་འགྱུར་མེད་སྒོས་ངོ་རྒོལ་བྱེད་པ་དང་། ཧིན་རྡུ་ཉི་ཞི་ཡ་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་བཏང་སྟེ། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།