ཟླ་དྲུག་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིན་ཏའོ་ནས་རྒྱ་གར་གྱི་ཙུང་ལི་མའོ་ཏེ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིན་ཏའོ་ནས་རྒྱ་གར་གྱི་ཙུང་ལི་མའོ་ཏེ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་གསུངས་རྒྱུར། ཟླ་གཅིག་ལྷག་གི་སྔོན་ལ། བདག་གིས་བུའུ་ཧན་གྲོང་ཁྱེར་དུ་ཙུང་ལི་མའོ་ཏེ་ལ་དངོས་གཞི་མིན་པའི་ཐུག་འཕྲད་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན། རྒྱལ་ཁབ་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེངས་འདིའི་ཐུག་འཕྲད་ལ་གདེང་འཇོག་ཆེན་པོ་ཐོབ་པ་དང་ཀྲུང་གོ་དང་རྒྱ་གར་འབྲེལ་བའི་འཕེལ་རྒྱས་ཐད་ལ་སྣང་ཚུལ་བཟང་བོ་ཆགས་པར་ཡིད་འཇོག་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་བུའུ་ཧན་གྲོང་ཁྱེར་གྱི་ཐུག་འཕྲད་འགོ་ཚུགས་ས་གསར་བ་བྱས་ཏེ། རྒྱུན་མཐུད་སྒོས་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་གཉིས་ཕན་མཉམ་ལས་ཁྱོན་ཡོངས་སྤེལ་ནས། ཀྲུང་གོ་དང་རྒྱ་གར་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
མའོ་ཏེ་ཡིས་བཤད་རྒྱུར། རྒྱ་གར་དང་ཀྲུང་གོའི་མཉམ་ལས་དེ་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་འབྲེལ་བ་ཆེན་པོ་ཡོད། རྒྱ་གར་ཕྱོགས་ཀྱིས་བུའུ་ཧན་གྱི་དངོས་གཞི་མིན་པའི་ཐུག་འཕྲད་རྨང་གཞི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། རྒྱ་གར་ཁོངས་གཏོགས་རྒྱལ་ཁབ་གསར་བ་ཡིན་པའི་ཆ་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁྲོད་དུ་ནུས་པ་ཆེན་པོ་འདོན་པ་དང་ཀྲུང་གོས་ཆིན་ཏའོ་མཐོ་རིམ་གྲོས་ཚོགས་བདེ་བླག་ངང་སྒྲུབ་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར། །