ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཞི་ལ་རྒྱལ་ཁབ་ཀྱི་གྲོས་དཔོན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་བཅུ་དགུ་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཞི་ལ་རྒྱལ་ཁབ་ཀྱི་གྲོས་དཔོན་ཝུའུ་ཆི་ཟི་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ཞི་ལ་གཉིས་ནི་སྲོལ་རྒྱུན་མཛའ་བརྩེ་ལྡན་པའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་བར་མཛའ་བརྩེ་ཟབ་མོ་ལྡན། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་ཆེ་ཤོས་ལ་བརྩི་བཀུར་བྱས་པའི་རྨང་གཞིའི་སྟེང་དུ། འཐབ་ཇུས་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཞི་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་བླ་མེད་བྱེད་བཞིན་ཡོད་ལ། ཞི་ལ་བར་གྱི་རིམ་པ་སོ་སོའི་འབྲེལ་འདྲིས་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་གི་དངོས་གཉེར་མཉམ་ལས་རྒྱ་ཆེ་རུ་བསྐྱེད་དེ། རིག་གནས་དང་ལུས་རྩལ། ཡུལ་སྐོར་སོགས་མི་གཞུང་བརྗེ་རེས་སྔར་ལས་ཇེ་དམ་དུ་གཏོང་བར་འབད་ནས། ཀྲུང་གོ་དང་ཞི་ལ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་བཏང་བ་བརྒྱུད། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་བརྩོན་དགོས་ཟེར།

ཝུའུ་ཆི་ཟི་ཡིས་བསྟན་དོན། ཞི་ལ་ཀྲུང་གོ་དང་ཞི་ལ་རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་འབྲེལ་བར་ཡིད་ཚིམ་ཡོད་ཅིང་། མུ་མཐུད་དུ་ཀྲུང་གོ་ཕྱོགས་ཀྱི་སྲོག་ཤིང་ཁེ་ཕན་ལ་བརྩི་བཀུར་ཡོད་པའི་རྨང་གཞིའི་སྟེང་དུ། ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།