ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཨ་སེ་པད་ཅང་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཨ་སཱ་ཏོ་ཧྥུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

栗战书与阿塞拜疆国民议会议长阿萨多夫举行会谈.jpg

ཟླ6པའི་ཚེས20ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་སེ་པད་ཅང་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཨ་སཱ་ཏོ་ཧྥུའུ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས20ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་སེ་པད་ཅང་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཨ་སཱ་ཏོ་ཧྥུའུ་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཨ་སེ་པད་ཅང་བར་འབྲེལ་བ་བཙུགས་པའི་ཚུན་དང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་རྣམ་གཉིས་ཀྱིས་མཉམ་དུ་དུས་སྐབས་གསར་བའི་ཀྲུང་གོ་དང་ཨ་སེ་པད་ཅང་གི་འབྲེལ་བར་ཁྱོན་ཡོངས་ནས་འཆར་འགོད་བྱས་པའི་ཚུན་ལ། ཀྲུང་གོ་དང་ཨ་སེ་པད་ཅང་གི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་། ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་ལྔ་ལོན་པའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་དམིགས་ཏེ། ཕྱོགས་གཉིས་ཀྱི་ཁ་གསབ་ཁྱད་སྟོབས་མངོན་གསལ་ལྡན་པའི་ཁྱབ་ཁོངས་སུ་མཉམ་ལས་བཟང་བོ་བྱེད་འདོད་ཡོད། ཀྲུང་གོས་སྒོ་འབྱེད་རྒྱ་སྐྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཨེ་ཤ་ཡ་དང་མི་རིགས་ཀྱི་ལས་སྐལ་གཅིག་པའི་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཀྲུང་གོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་ངེས་ཡིན་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཨ་སེ་པད་ཅང་རྒྱལ་དམངས་གྲོས་ཚོགས་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་གཙོར་བཟུང་སྟེ་དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་ཁེ་ལས་ཀྱིས་མ་དངུལ་གཏོང་བར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པར་མ་ཟད། རིམ་པ་སོ་སོའི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་དགོས་ལ། རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་དང་ས་གནས་བར་གྱི་མཉམ་ལས་ལ་རྒྱབ་སྐྱོར་བྱས་ནས། མི་དམངས་བར་གྱི་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས་ཟེར།

ཨ་སཱ་ཏོ་ཧྥུའུ་ཡིས་བཤད་རྒྱུར། ཨ་སེ་པད་ཅང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རེ་སྒུག་བྱས་ཡོད། ཨ་སེ་པད་ཅང་རྒྱལ་དམངས་གྲོས་ཚོགས་ཀྱིས་ཨ་སེ་པད་ཅང་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།