ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཐེན་ཅིན་གྲོང་ཁྱེར་དུ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཐེན་ཅིན་གྲོང་ཁྱེར་དུ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་བྱ་བར་རྟོག་ཞིབ་མཛད། ཧན་ཀྲིན་གྱིས་བསྟན་དོན། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལག་བསྟར་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། ཐེན་ཅིན་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འདུ་ཤེས་བཞི་བརྟན་པོར་ཆགས་པར་བྱས་པ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་བཏང་ཞིང་པེ་ཅིན་གྱི་རྒྱལ་ས་ལས་འདས་པའི་ནུས་པའི་སྲོག་ཤིང་ལས་འགན་དེར་དམིགས་ཏེ་ཁྱད་སྟོབས་ལ་རྐང་བཙུགས་པ་དང་རྟེན་གཞི་གཅིག་དང་ཁུལ་གསུམ་གྱི་ནུས་པའི་གཏན་གནས་གསལ་བོར་ཤེས་པར་བྱས་པ་དང་། མཐོ་རིམ་སྣེ་ཁྲིད་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལག་བསྟར་བྱེད་པར་བྱས་རྗེས་ཆེན་པོ་བཞག ཐེན་ཅིན་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དཔེ་སྟོན་གྱི་ནུས་པ་འདོན་དགོས། ཤུགས་ཆེན་པོས་གསར་སྐྲུན་སྐུལ་འདེད་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ། མཐུན་སྦྱོར་གསར་སྐྲུན་འདེགས་ཤུགས་ཇེ་ཆེར་གཏོང་བ་དང་རྒྱལ་ཁབ་ཀྱི་རང་བདག་གསར་སྐྲུན་དཔེ་སྟོན་ས་ཁུལ་མྱུར་དུ་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་ནས། མི་དམངས་མང་ཚོགས་ལ་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིས་ཧོང་ཀྲུང་རྟོག་ཞིབ་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།