ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཅེ་ཁིའི་ཙུང་ལི་པ་པིས་ཧྲི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4.jpg

ས་དེའི་ཚེས་བདུན་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སོ་ཧྥེ་ཡའི་ཁོང་བཞུགས་སའི་མགྲོན་ཁང་ནས་ཅེ་ཁིའི་ཙུང་ལི་པ་པིས་ཧྲི་ལ་མཇལ་འཕྲད་གནང་།

ས་དེའི་ཚེས་བདུན་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སོ་ཧྥེ་ཡའི་ཁོང་བཞུགས་སའི་མགྲོན་ཁང་ནས་ཅེ་ཁིའི་ཙུང་ལི་པ་པིས་ཧྲི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཅེ་ཁིའི་འབྲེལ་བ་བདེ་ཐང་གཏན་འཇགས་ཀྱི་ཕྱོགས་སུ་གོང་འཕེལ་དུ་འགྲོ་བཞིན་ཡོད། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ལ། མཐོ་རིམ་འཚམས་འདྲི་རྒྱུན་ཆད་བཞིན་མེད། ཀྲུང་གོས་ཅེ་ཁིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་རྒྱུའི་རྣམ་འགྱུར་བཟང་པོ་བསྟན་པར་གཟེངས་བསྟོད་བྱེད་བཞིན་ཡོད། ཀྲུང་གོས་ཅེ་ཁི་དང་མཉམ་དུ་ཕན་ཚུན་གྱི་སྲོག་ཤིང་གི་ཁེ་ཕན་དང་སེམས་ཁུར་གཙོ་བོར་མུ་མཐུད་རྒྱུས་ལོན་དང་བརྩི་བཀུར་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་བའི་ཆབ་སྲིད་རྨང་གཞི་དང་དངོས་གཉེར་མཉམ་ལས་སྤེལ་བའི་གཞི་རྩའི་ཆ་རྐྱེན་སྲ་བརྟན་དུ་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ཀྲུང་གོས་ཅེ་ཁིའི་བར་གྱི་ཕན་ཚུན་སྒོ་འབྱེད་དང་ཕན་ཚུན་ཉོ་འཚོང་དང་དངུལ་གཏོང་ཆུ་ཚད་ཇེ་མཐོར་གཏོང་འདོད་ཡོད་ལ། དངོས་ཟོག་ཉོ་འཚོང་གི་ཚད་ཇེ་མཐོར་གཏོང་འདོད་ཡོད་པ་མ་ཟད། ཞབས་ཞུ་ཉོ་འཚོང་གི་མཉམ་ལས་ཟབ་སྤེལ་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།