ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་པོ་ཚི་ཝ་ནའི་མགྲོན་པོར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ee598eb4a2e3a8633518920609473b6d.jpg

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་པོ་ཚི་ཝ་ནའི་རྒྱལ་སྤྱིའི་ལས་དོན་དང་མཉམ་ལས་པུའུ་ཀྲང་ཡོའུ་ཉི་ཏི.ཏའོ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་ཀྲུང་ནན་ཧེ་ནས་པོ་ཚི་ཝ་ནའི་རྒྱལ་སྤྱིའི་ལས་དོན་དང་མཉམ་ལས་པུའུ་ཀྲང་ཡོའུ་ཉི་ཏི.ཏའོ་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲིན་གྱིས་བསྟན་དོན། ཀྲུང་གོ་དང་པོ་ཚི་ཝ་ན་གཉིས་བར་གྱི་མཛའ་བརྩེའི་རྒྱུན་ཧ་ཅང་རིང་། འབྲེལ་བ་བཙུགས་པའི་ཚུན་ནས། ཀྲུང་གོ་དང་པོ་ཚི་ཝ་ན་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་དང་མཉམ་དུ་འཕེལ་རྒྱས་སུ་བཏང་སྟེ། ཁྱབ་ཁོངས་སོ་སོ་ནས་གྲུབ་འབྲས་ལྡན་པའི་མཉམ་ལས་གཏིང་ཟབ་སྤེལ། ཀྲུང་གོ་པོ་ཚི་ཝ་ནས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་རྒྱུན་མ་ཆད་པར་ཆབ་སྲིད་ཀྱི་ཡིད་ཆེས་ཇེ་བརྟན་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་རྒྱ་སྐྱེད་དེ། འཕེལ་རྒྱས་ཀྱི་ཉམས་མྱོང་ལོངས་སྤྱོད་བྱེད་དགོས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ནི་གྲོགས་པོ་བཟང་བོ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་འདྲེས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་དང་། ཀྲུང་གོ་དང་པོ་ཚི་ཝ་ནའི་བར་གྱི་འབྲེལ་བའི་ཐད་ནས་གསལ་བོར་མཚོན་པར་བྱས་ཡོད། ཙུང་ཐུང་མཱ་ཞི་ཞི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་སྣེ་ཁྲིད་འོག ཀྲུང་གོ་དང་པོ་ཚི་ཝ་ནའི་བར་གྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཡའོ་ཉི་ཏི.ཏའོ་ཡིས་བསྟན་དོན། པོ་ཚི་ཝ་ནས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད། ཙུང་ཐུང་མཱ་ཞི་ཞི་ཡིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་རེ་སྒུག་བྱས་ཡོད་པ་མ་ཟད། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་པོ་ཚི་ཝ་ན་དང་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་སྐྱེད་པ་དང་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།